ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་གཅིག་བསྡུས་དྲིལ་སྒྲོག་ཟླ་བའི་བྱ་འགུལ་མགོ་བརྩམས།
2024.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་གཅིག་བསྡུས་དྲིལ་སྒྲོག་ཟླ་བའི་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་ཉེ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་སྤེལ། རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་རྣམ་པ་སྣ་ཚོགས་བརྒྱུད་དེ་སྨན་བཅོས་འགན་སྲུང་གི་སྲིད་ཇུས་བཟང་བོ་མང་ཚོགས་ཁྲོད་དུ་སྐྱེལ་རྒྱུ་རེད།

ད་ལོར་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་གཅིག་བསྡུས་དྲིལ་སྒྲོག་ཟླ་བའི་བྱ་འགུལ་གྱི་བརྗོད་སྙིང་ནི་ཐེབས་རྩའི་ལྟ་རྟོག་དོ་དམ་ནང་མཉམ་ཞུགས་བྱས་ནས་མང་ཚོགས་ཀྱི་སྲོག་སྐྱོབ་མ་དངུལ་སྲུང་དགོས་ཞེས་པ་དེ་རེད།མགོ་རྩོམ་མཛད་སྒོའི་སྟེང་། སྡེ་ཁག་མང་བོའི་ལས་བྱེད་མི་སྣས་བློ་འདྲིའི་སྟེགས་བུ་སྒྲིག་འཛུགས་བྱེད་པ་དང་སྨན་བཅོས་འགན་སྲུང་གི་དྲིལ་སྒྲོག་རྒྱུ་ཆ་བྱིན་པར་མ་ཟད། སྨན་བཅོས་མི་སྣས་ནད་བརྟག་བྱ་འགུལ་སྤེལ།

བློ་འདྲིའི་སྟེགས་བུའི་མདུན་དུ་མང་ཚོགས་མང་བོས་སྨན་བཅོས་འགན་སྲུང་གནད་དོན་བློ་འདྲི་བྱེད་པ་དང་། ལས་བྱེད་མི་སྣས་སེམས་ཞིབ་མོས་སྨན་བཅོས་འགན་སྲུང་གི་ཐེབས་རྩའི་ལྟ་རྟོག་དོ་དམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྨན་བཅོས་འགན་སྲུང་གཡོ་བསླུ་བྱེད་པའི་རྒྱུན་མཐོང་བྱ་སྤྱོད། ཞུ་གཏུག་དང་ལྟ་རྟོག་བྱེད་ཐབས། སྨན་བཅོས་འགན་སྲུང་གི་གློག་རྡུལ་འཛིན་ཡིག

ས་གནས་གཞན་དུ་སྨན་བཅོས་བྱེད་པར་ཐོ་འགོད་བྱེད་པ་སོགས་ཀྱི་ནང་དོན་འགྲེལ་བརྗོད་བྱས། མགོ་རྩོམ་མཛད་སྒོ་དེ་དུས་མཉམ་དུ་འཁྱུག་དབྱངས་དང་སྐད་འཕྲིན་སྤྱི་སྟེགས་སོགས་ལས་ཐད་གཏོང་བྱས་པ་དང་། དྲིལ་སྒྲོག་གི་ཤུགས་རྐྱེན་ཇེ་ཆེར་བཏང་བར་མ་ཟད། མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་ཐད་ཀྱི་ཤེས་རྟོགས་དང་ངོས་འཛིན། ཟབ་ཞུགས་བཅས་ཀྱི་ཚད་ཇེ་མཐོར་བཏང་།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་སྨན་བཅོས་འགན་སྲུང་སྲིད་ཇུས་གཅིག་བསྡུས་དྲིལ་སྒྲོག་ཟླ་བའི་བྱ་འགུལ་དེ་གོ་སྐབས་སུ་བྱས་ཤིང་། དྲིལ་སྒྲོག་བྱ་བ་དེ་སྨན་བཅོས་འགན་སྲུང་ལས་དོན་གྱི་བཅོས་སྒྱུར་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཆེ་ཕྱོགས་ནང་འདྲེས་པར་བྱས་ནས་བསམ་བློ་གཏོང་བ་དང་འཆར་འགོད་བྱེད་པ། སྐུལ་འདེད་བཏང་སྟེ། སྲིད་ཇུས་ཁྱབ་བསྒྲགས་དང་ཞབས་་ཞུ་ལེགས་སྒྱུར། འགྲེལ་བརྗོད་དྲིལ་སྒྲོག་བཅས་དུས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། ཞབས་ཞུའི་བྱ་ཡུལ་གྱི་ཕྱོགས་ནས་ལངས་ཏེ་མང་ཚོགས་ཀྱི་གོ་བདེ་བའི་སྐད་བརྡ་བཀོལ་བ་དང་། བརྙན་དང་སྒྲ། ཡིག་ཆ། དྲ་བ་སོགས་ཀྱི་སྟེགས་བུར་བརྟེན་ནས། ཕྱོགས་དང་ཟུར་མང་བོ་ནས་སྨན་བཅོས་འགན་སྲུང་སྲིད་ཇུས་དང་དམངས་ཕན་གྲུབ་འབྲས་དྲིལ་སྒྲོག་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།