སྨན་བཅོས་རོགས་སྐྱོབ་ནི་རང་རྒྱལ་གྱི་སྨན་བཅོས་འགན་སྲུང་མ་ལག་ཁྲོད་ཀྱི་འདེགས་སྐྱོར་ནུས་པ་ལྡན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཡིན་པ་དང་། སྨན་བཅོས་རོགས་སྐྱོབ་བྱ་ཡུལ་ལ་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཐོབ་རྒྱུར་འགན་ལེན་བྱེད་པའི་ཐད་བཀོལ་བཞིན་ཡོད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཉིན་འགའི་སྔོན་ལ་སྤེལ་བའི་གནས་ཚུལ་ལྟར་ན། 2023ལོར་རང་རྒྱལ་གྱི་སྨན་བཅོས་འགན་སྲུང་གིས་མི་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ལ་རོགས་སྐྱོབ་བྱས།
རོགས་སྐྱོབ་བྱ་ཡུལ་ནི་ཐོག་མའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་མཐའ་མཚམས་ཁྱིམ་ཚང་གི་ཁོངས་མི། ཡང་བསྐྱར་དབུལ་བོར་འགྱུར་བར་སྔོན་འགོག་ལྟ་ཞིབ་ཚད་ལེན་བྱ་ཡུལ། དཀའ་ངལ་ཡོད་པའི་ཁྱིམ་ཚང་བཅས་ཀྱི་ཆ་རྐྱེན་དང་མཐུན་པའི་ནད་ཆེན་པོ་ཕོག་པའི་མི་བཅས་ཚུད་ཡོད།
ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་ས་ཁུལ་མང་ཆེ་བས་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ཐོག་མའི་གཏོང་སྤྲོད་ཚད་གཞི་མེད་པར་བཟོས་ནས། རོགས་སྐྱོབ་ཀྱི་བསྡུར་གྲངས་སྔར་ལས་ཇེ་མཐོར་གཏོང་བ་དང་ཚད་གཞི་མཐོ་ཤོས་སུ་འཕེལ་བར་བྱེད་པ། རོགས་སྐྱོབ་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་རྒྱུ་རེད། 2005ལོ་ནས2023ལོའི་བར་དུ། སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་བརྒྱད་ནས་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་བཞི་དུང་ཕྱུར་བཞིའི་བར་དུ་ཇེ་མང་དུ་སོང་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།