དུར་མཆོད་དུས་ཆེན་སྐབས་སུ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་འཇགས་རེད།
2024.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

དུས་མཆོད་དུས་ཆེན་སྐབས་སུ།    ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་མ་ལག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་བརྟན་པོར་བཙུགས་པ་དང་།   བདེ་འཇགས་ཚད་མཐའ་བརྟན་སྲུང་བྱས་ལ།   རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་ཉེན་ཁ་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་ལ་དམ་དུ་དམིགས་ཤིང་།    ལྟ་སྐུལ་ཞིབ་བཤེར་ཇེ་དྲགཏུ་བཏང་བ་དང་།  བྱེད་ཐབས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས།   ཟླ4པའི་ཚེས6ཉིན་གྱི་ཆུ་ཚོད18བར་དུ།   ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་བབ་སྤྱིའི་ཆ་ནས་བརྟན་འཇགས་ཡིན་ཏེ།   ཅུང་ཆེ་བ་དང་དེའི་ཡན་གྱི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་དང་རང་བྱུང་གནོད་འཚེ་སོགས་ཀྱི་སྙན་ཞུ་གཅིག་ཀྱང་འབྱོར་མེད།

དུས་ཆེན་སྐབས་སུ།  ཞིང་ཆེན་འཕྲལ་བསྟུན་དོ་དམ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་ཉིན་རེར་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁོངས་གཏོགས་སྡེ་ཁག་དང་རིམ་པ་སོ་སོའི་འཕྲལ་བསྟུན་དོ་དམ་སྡེ་ཁག་ལ་བརྙན་རིས་བཀོད་གཏོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།   སྡེ་ཁག་གི་སྟོབས་ཤུགས་གཅིག་སྡུད་དང་ཚན་རིག་དང་མཐུན་ཞིང་གནད་འཁེལ་སྒོས་བརྡར་གཅོད་བྱེད་པ།   ཉེན་ཁའི་མི་མངོན་པའི་རྐྱེན་ངན་འགོག་ཟོན་བྱེད་པ།   བདེ་འཇགས་འགོག་ཟོན་དང་ཁྲིམས་བསྟར་ཞིབ་བཤེར་བྱས་ཏེ་གཞུང་ལམ་འགྲིམ་འགྲུལ།   ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་སོགས་བྱ་བ་ཏན་ཏིག་གིས་བཟང་བོར་བསྒྲུབས། 

ལྷ་མོ་ཚེ་རིང་གིས་བསྒྱུར།