ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་དང་བདེ་སྐྱོང་སྒྲིག་སྲོལ་ལེགས་པོ་རེད།
2024.04.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

དུར་མཆོད་དུས་ཆེན་གྱི་གུང་གསེང་སྐབས་སུ། མཚོ་སྔོན་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར། སྤྱི་བདེ་མི་སྣ་ཡོངས་ལ་སྐུལ་སློང་དང་། སྟོབས་ཤུགས་གང་ཡོད་སྒོས་ལས་རེས་ལས་སྲུང་དང་འཕྲལ་བསྟུན་ཐག་གཅོད་ཀྱི་གྲ་སྒྲིག་ཏན་ཏིག་ངང་ལེགས་པར་སྒྲུབ་སྟེ། དུར་མཆོད་དུས་ཆེན་གྱི་གུང་གསེང་སྐབས་ཀྱི་བདེ་སྲུང་བརྟན་སྲུང་གི་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་འཇགས་ཡིན་ལ་བདེ་སྐྱོང་གནས་ཚུལ་ལེགས་པོ་ཡིན་པ་དང་། མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་དང་ཞིང་ཆེན་གྱི་ལམ་གེགས་མེད་ཡིན་ལ། ཞིང་ཆེན་ནང་ཁུལ་གྱི་མཆོད་འབུལ་དང་དུར་མཆོད་བྱེད་ས་བདེ་འཇགས་ཡིན་ལ་གོ་རིམ་ལྡན།

གུང་གསེང་དུས་སྐབས་སུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འཐབ་དུས་ཀྱི་བྱ་བའི་སྒྲིག་ལམ་ལག་བསྟར་ནན་མོ་བྱས་ནས། བདེ་སྲུང་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་མོ་དང་ཞིབ་ཚགས་ཏན་ཏིག་བཅས་ཀྱི་སྒོ་ནས་དམ་འཛིན་ལེགས་པོ་བྱས། ཕྱོགས་ཡོངས་ནས་རིམ་པ་དང་པོའི་ལྟ་བཤེར་ཚོད་འཛིན་གྱི་གཞུང་ལས་གཉེར་འགོ་བཙུགས་པ་དང་། འདུ་འཛི་ཆེ་བའི་ཚོང་ར་དང་འགྲིམ་འགྲུལ་ལམ་མདོ་སོགས་ས་ཁུལ་གཙོ་བོའི་ཉེན་རྟོག་པའི་བཀོད་སྒྲིག་ལ་ཤུགས་བསྣན་ཞིང་། ཚད་ཆེས་ཆེ་བའི་སྒོ་ནས་ཉེན་རྟོག་པ་སྲང་བར་ནས་འདུས་སྡོད་བྱས་ཏེ། ཉེན་རྟོག་པ་མཐོང་ཚད་དང་བྱ་བར་དོ་དམ་བྱེད་ཚད། སྲང་ལམ་དང་གཞུང་ལམ་གྱི་བདེ་སྐྱོང་ཚོད་འཛིན་ནུས་པ་ཇེ་ཆེར་བཏང་། སྤྱི་བའི་བདེ་འཇགས་ཁུལ་ཁོངས་ཀྱི་ཉེན་ཁའི་དོགས་ཟོན་ལ་ཤུགས་བསྣན་པ་དང་། མང་ཚོགས་ཡུལ་སྐོར་ཕྱི་སྐྱོད་དང་སྤྲོ་གསེང་ལ་འགྲོ་བའི་བྱེད་སྒོ་ཇེ་མང་དུ་སོང་བ། འགྲིམ་འགྲུལ་ཉེན་ཁ་ཇེ་ཆེར་སོང་བ་སོགས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས།  དཔྱིད་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་སྒྲིག་བཅོས་ཀྱི་འགུལ་སྐྱོད་རྩ་འཛུགས་བྱས་ཏེ། མྱུར་བགྲོད་གཞུང་ལམ་གྱི་གླ་ལེན་ས་ཚིགས་དང་ཞབས་ཞུའི་ཁུལ། རྒྱལ་ལམ་དང་ཞིང་ཆེན་གྱི་ལམ་སོགས་འགྲོ་འོང་མང་སའི་ལམ་བར་དུ་ཚོད་འཛིན་ནན་མོ་བྱས་པ་དང་། མངོན་གསལ་དོད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས། ནགས་ཚལ་གྱི་མེ་འགོག་བདེ་འཇགས་ལ་ལྟ་བཤེར་དང་འཕྲལ་བསྟུན་ཐག་གཅོད་བྱེད་ཤུགས་ཇེ་ཆེར་བཏང་ཞིང་། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་གྱིས་མེ་འགོག་གནོད་འགོག་གི་མི་མངོན་པའི་ཉེན་ཁར་གྲལ་བཤེར་དང་ལམ་ངོས་ལ་ཞིབ་བཤེར་དང་ཚོད་འཛིན། དྲིལ་སྒྲོག་སློབ་གསོ་དང་འཕྲལ་བསྟུན་ཐག་གཅོད་སོགས་བྱ་བ་སྣ་ཚོགས་སྒྲུབ་སྟེ། ཚབས་ཆེ་བའི་སྤྱི་བའི་བདེ་འཇགས་དོན་རྐྱེན་འབྱུང་བར་སྔོན་འགོག་ནན་མོ་བྱས།

ལྷ་མོ་འཚོས་བསྒྱུར།