ཞིང་ཆེན་དམངས་ཆེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་ཚོགས་ཉེན་སྲུང་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་བྱ་བར་བཀོད་སྒྲིག་བྱས།
2024.04.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་ཚོགས་ཉེན་སྲུང་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཁྲིམས་བསྟར་ཞིབ་བཤེར་གྱི་བྱ་བ་སྣ་ཚོགས་བཟང་བོར་སྤེལ་བའི་ཐད་ནས་བྱེ་བྲག་གི་རེ་བ་བཏོན།

ཞིབ་བཤེར་ཚན་ཆུང་གིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་ཚོགས་ཉེན་སྲུང་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་བྱ་བ་སྤེལ་བར་ལོ་རྒྱུས་ལས་འགན་ལ་དམ་པོར་དམིགས་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དུས་སྐབས་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཁྲོད་སྤྱི་ཚོགས་ཉེན་ཚབ་ལས་དོན་ལ་བཀོད་སྒྲིག་ནན་མོ་བྱེད་པའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན། རང་ཞིང་གིས་ཁྲིམས་བསྟར་ཞིབ་བཤེར་སྤེལ་བ་ནི་མཚོ་སྔོན་གྱི་དམིགས་བསལ་གནས་ཚུལ་གྱི་ཚད་མཐོའི་དོ་སྣང་བྱས་པ་ཡིན་ལ། ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་ཚད་མཐོའི་ཆབ་སྲིད་རང་རྟོགས་ཀྱིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་བའི་དེང་རབས་ཅན་གྱི་མཐོ་ཚད་ནས་བཅའ་ཁྲིམས་ནན་སྲུང་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ནན་ཏན་གྱིས་རང་ཞིང་གི་བཅའ་ཁྲིམས་ལག་བསྟར་ཁྲོད་ཀྱི་ཞན་ཆ་དང་མི་འདང་ས་བཙལ་ནས། ཕྱོགས་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཉེན་ཚབ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། གཙོ་བོ་རང་ཞིང་གི་བཅའ་ཁྲིམས་ལག་བསྟར་ཁྲོད་ཀྱི་བྱེད་ཐབས་བཟང་བོ་དང་ཉམས་མྱོང་བཟང་བོ། སྲིད་ཇུས་བཟང་བོ་བཅས་སྔོག་འདོན་བྱས་ཏེ། རྒྱལ་ཁབ་རིམ་པའི་ཐབས་ཇུས་ལ་དཔྱད་གཞི་བཟང་བོ་འདོན་སྤྲོད་བྱེད་དགོས་ཟེར།

ཞིབ་བཤེར་ཚན་ཆུང་གིས་ནན་གྱིས་བསྟན་དོན། སྤྱི་ཚོགས་འཛུགས་སྐྲུན་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་ལས་འགན་གསར་བ། རེ་བ་གསར་བ་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཤིང་། གཙོ་གནད་འབུར་དུ་ཐོན་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ། དམིགས་བསལ་ཚོགས་ཁག་གི་ཁེ་ཕན་ལ་འགན་སྲུང་བྱེད་པ་དང་སྤྱི་བའི་བདེ་འཇགས་ཉེན་ཁར་དོགས་ཟོན་ཞི་འཇགས་སུ་གཏོང་བ། སྤྱི་ཚོགས་འགན་སྲུང་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་སོགས་བྱ་བ་གཙོ་བོའི་གཅིག་འདོམ་འཆར་འགོད་ལ་སྐུལ་འདེད་བཏང་སྟེ། མཉམ་འབྲེལ་ལ་ཤུགས་སྣོན་པ་དང་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་སེམས་ཁུར་ལ་དོ་སྣང་དང་། དམངས་ཀྱི་འཚོ་བར་འགན་སྲུང་དང་ལེགས་བཅོས་བྱེད་པ། སྤྱི་ཚོགས་འཛུགས་སྐྲུན་གྱི་བྱ་བའི་འདྲིལ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། མི་དམངས་ཀྱི་ཕན་བདེ་ཇེ་དྲག་ཏུ་གཏོང་བ་དང་སྤྱི་ཚོགས་ཆེ་ཕྱོགས་ཀྱི་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གལ་ཆེན་འཇོག་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།