མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་མང་པོས་མཉམ་སྒྲུབ་རྐྱེན་སྲོལ་བཙུགས།
2024.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  སྡེ་ཁག་གི་འབྲེལ་མཐུད་མཉམ་སྡེབ་ལ་སྔར་ལས་ཤུགས་སྣོན་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་ཆེད། ཞིང་ཆེན་མི་དམས་ཞིབ་དཔྱོད་ཁང་གིས་ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་བར་དུ་སྲིད་འཛིན་ཞིབ་དཔྱོད་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྲིད་འཛིན་ཁྲིམས་བསྟར་འབྲེལ་མཐུད་ཀྱི་བྱ་བའི་རྐྱེན་སྲོལ་འཛུགས་པའི་བསམ་འཆར་དང་།  སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྲིད་འཛིན་ཁྲིམས་བསྟར་འབྲེལ་མཐུད་ཀྱི་བྱ་བའི་རྐྱེན་སྲོལ་འཛུགས་པའི་བསམ་འཆར་ཞེས་པ་བཀོད།

སྲིད་འཛིན་ཞིབ་དཔྱོད་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྲིད་འཛིན་ཁྲིམས་བསྟར་འབྲེལ་མཐུད་ཀྱི་བྱ་བའི་རྐྱེན་སྲོལ་འཛུགས་པའི་བསམ་འཆར་ལས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་འཛིན་ཞིབ་དཔྱོད་སྡེ་ཁག་དང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཁྱབ་ཁོངས་ཀྱི་ཁྲིམས་བསྟར་བརྒྱུད་རིམ་ཁྲོད་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཆ་འཕྲིན་མཉམ་སྤྱོད་དང་ལྡོག་ཕྱོགས་འབྲེལ་མཐུད། སྲིད་འཛིན་རྩོད་གཞིའི་ངོ་བོ་རང་བཞིན་གྱི་འདུམ་གཅོད། གྱོད་དོན་ཡར་ཞུ། མཉམ་འབྲེལ་ཞིབ་བཤེར། མཉམ་འབྲེལ་གྲོས་ཚོགས་སོགས་ཀྱི་རྣམ་པ་བརྒྱུད་དེ། སྲིད་འཛིན་ཞིབ་དཔྱོད་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྲིད་འཛིན་ཁྲིམས་བསྟར་འབྲེལ་མཐུད་ཀྱི་ཆ་འཕྲིན་མཉམ་སྤྱོད་རྐྱེན་སྲོལ་འཛུགས་པར་མཉམ་དུ་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་གཞི་གྲངས་མཉམ་འབྲེལ་བརྗེ་རེས་དང་མཉམ་སྤྱོད་འབྲེལ་མཐུད་མངོན་འགྱུར་འབྱུང་བར་འཚོལ་ཞིབ་བྱས་ཏེ། སྲིད་འཛིན་ཞིབ་དཔྱོད་སྡེ་ཁག་གི་ཁྲིམས་ལུགས་ལྟ་སྐུལ་དང་སྤྱི་བདེ་འགྲིམ་འགྲུལ་སྡེ་ཁག་གི་ནང་ཁུལ་ལྟ་སྐུལ་གཉིས་ནུས་ལྡན་སྒོས་འབྲེལ་མཐུད་བྱེད་དགོས།

སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྲིད་འཛིན་ཁྲིམས་བསྟར་འབྲེལ་མཐུད་ཀྱི་བྱ་བའི་རྐྱེན་སྲོལ་འཛུགས་པའི་བསམ་འཆར་ལས། ཞིབ་དཔྱོད་ལས་ཁུངས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲིམས་བསྟར་སྡེ་ཁག་གི་མཉམ་སྒྲུབ་ལ་ཤུགས་བསྣན་ནས། ཁྲིམས་བསྟར་དང་ཁྲིམས་འཛིན་གྱོད་སྒྲུབ་གཞི་གྲངས་མཉམ་འབྲེལ་བརྗེ་རེས་ཀྱི་གཞི་གྲངས་ཅན་གྱི་བཅོས་སྐྱོང་སྟེགས་བུ་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། གཞི་གྲངས་བརྗེ་སྤོར་དང་། ལས་དོན་མཉམ་སྒྲུབ། འབྲེལ་བ་དབྱེ་ཞིབ། རྒྱུན་ལྡན་མིན་པར་ཉེན་བརྡ་གཏོང་བའི་གཞི་གྲངས་ཅན་གྱི་བཅོས་སྐྱོང་རྣམ་པ་འཛུགས་པ། སྡེ་ཁག་བརྒལ་བའི་མཐུན་སྦྱོར་བཅོས་སྐྱོང་བྱས་ཏེ། ལྟ་སྐུལ་གྱིས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་།མཉམ་སྤྱོད་ཀྱིས་ལྟ་སྐུལ་ལ་སྟོབས་ནུས་སྦྱིན་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྲིད་འཛིན་ཁྲིམས་བསྟར་དང་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱི་མཉམ་སྒྲུབ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་པ་དང་། གྱོད་གཞི་བསྒྲུབ་པའི་གནས་ཚུལ་ཡར་ཞུ་བྱེད་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྲིད་འཛིན་ཁྲིམས་བསྟར་བྱ་བའི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། ཁྲིམས་བསྟར་གྱོད་སྒྲུབ་ཁྲོད་དུ་ཡོད་པའི་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་པ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་སྲིད་འཛིན་ཁྲིམས་འགལ་བྱ་སྤྱོད་ལ་དོགས་ཟོན་དང་ཆད་པ་གཅོད་པའི་བྱ་བའི་བྱེད་ཐབས་གཏན་འབེབས་བྱས་ཏེ། བྱ་བའི་ཉམས་མྱོང་དང་སྒྲུབ་ཐབས་ཕྱོགས་བསྡོམས་དང་བརྗེ་རེས་བྱས་ནས། སྲིད་འཛིན་ཁྲིམས་བསྟར་ལས་དོན་ཆུ་ཚད་དང་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་ནུས་པ་མཐོར་འདེགས་གཏོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ལྷ་མོ་འཚོས་བསྒྱུར།