2024ལོར་མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་གཞིས་ཁུལ་རྙིང་བའི་ཁང་བ་ཁྲི་གཉིས་དང་སྟོང་བདུན་ལྔ་བརྒྱར་སྒྱུར་བཀོད་བྱེད་རྒྱུ་རེད།
2024.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན། གསར་འགོད་པས2024ལོའི་དམངས་ཚིས་དོན་དངོས་བཟོ་སྐྲུན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རང་ཞིང་གིས་མུ་མཐུད་དུ་གཞིས་ཁུལ་རྙིང་བ་བསྒྱུར་བཀོད་བྱེད་པ་དང་། གློག་སྐས་མེད་པའི་ཐོག་ཁང་ལ་གློག་ཆས་སྡེབ་སྒྲིག་བྱེད་པ། རོང་འབྲོག་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བསྒྱུར་བྱེད་པའི་བཟོ་སྐྲུན་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། གྲོང་ཁྱེར་གྱི་ཉེན་ཁང་དང་ཁང་རྙིང་ལ་གྲལ་བཤེར་བྱེད་པའི་རྨང་གཞི་སྟེང་། ག་དང་ང་རིམ་པའི་ཉེན་ཁང་བསྒྱུར་བཀོད་བྱེད་པ་དང་། མུ་མཐུད་དུ་གྲོང་གསེབ་ཀྱི་སྡོད་ཁང་ཐད་ནས་དཀའ་ཁག་ཡོད་པའི་ཁྱིམ་ཚང་ལ་སྤྱི་ཐུན་གླ་གཏོང་ཁང་བའི་གླ་གཏོང་ཁ་གསབ་བྱིས་ནས། མང་ཚོགས་ཀྱི་གཞི་རྩའི་སྡོད་ཁང་གི་དགོས་མཁོ་སྐོང་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་གྲོང་གསེབ་ཀྱི་གཞིས་ཁུལ་རྙིང་བའི་ཁང་བ་ཁྲི་གཉིས་དང་སྟོང་བདུན་ལྔ་བརྒྱ་སྒྱུར་བཀོད་བྱེད་པ་དང་། གཞིས་ཁུལ་ནང་གི་ཆུ་འདོན་དང་སོལ་རླངས་མཁོ་འདོན། གློག་འདོན། འཕྲིན་གཏོང་། མེ་འགོག་མེ་གསོད་སོགས་སྒྲིག་ཆས་ཐད་ཀྱི་མི་འདང་ས་འཐུས་ཚང་དུ་གཏོང་བར་གཅིག་འདོམས་བྱེད་རྒྱུའི་འཆར་གཞི་བཟོས་ཡོད། གྲོང་གསེབ་ཀྱི་གཞིས་ཁུལ་རྙིང་བའི་སྡོད་ཁང་ལ་གློག་སྐས་བརྒྱ་སྡེབ་སྒྲིག་བྱས་ནས། མང་ཚོགས་ཐོག་ཁང་ཕྱིར་བགྲོད་ནང་ཡོང་བྱེད་དཀའ་བའི་གནད་དོན་ཐག་གཅོད་རྒྱུ་ཡིན་ལ། རོང་འབྲོག་དམངས་ཁྲི་བཞིའི་སྡོད་ཁང་ཆ་རྐྱེན་ལེགས་བསྒྱུར་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། རོང་འབྲོག་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་བྱེད་རྒྱུ་རེད། 

རིན་ཆེན་མཚོས་བསྒྱུར།