ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མེ་འགོག་མེ་གསོད་བདེ་འཇགས་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ།
2024.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན། དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐོན་ལ་ཉེ་དུས། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ཏང་ཡོན་ལས་བྱེད་པ་དགུ་བཅུ་ལྷག་རྩ་འཛུགས་བྱས་ནས་མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་མྱུར་སྐྱོར་སྤྱི་ཁྱབ་རུ་ཁག་སྦྱོང་བརྡར་དང་དམག་སའི་ཞབས་འདེགས་འགན་སྲུང་ཡན་ལག་རུ་ཁག་གི་རྟེན་གཞི་རུ་སོང་ནས། སེམས་ཤུགས་གཅིག་བསྡུས་ཀྱིས་ལུས་སྟོབས་རྒྱས་པར་བྱེད་པ་དང་། སྤུས་འདེགས་ནུས་སྤེལ་གྱིས་འགན་སྲུང་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ།

བྱ་འགུལ་སྐབས་སུ། ཏང་ཡོན་ལས་བྱེད་པས་ཡུལ་དངོས་ནས་སྦྱོང་བརྡར་དང་དམག་སའི་ཞབས་འདེགས་འགན་སྲུང་ཡན་ལག་རུ་ཁག་གི་འགན་སྲུང་རླངས་འཁོར་དང་། མཛོད་ཁང་འཛུགས་སྐྲུན་དང་དངོས་ཟོག་ཉར་གསོག་གནས་ཚུལ་ལ་ལྟ་སྐོར་བྱས། མེ་འགོག་མེ་གསོད་སྒྲིག་ཆས་ཀྱི་ལག་བསྟར་མྱོང་ཚོར་བྱ་བ་སྤེལ་ནས། མེ་གསོད་འགོག་སྲུང་ལྭ་བ་དང་མཁའ་དབུགས་འབྱིན་རྔུབ་བྱེད་ཆས་སོགས་མེ་འགོག་མེ་གསོད་སྒྲིག་ཆས་དངོས་སུ་བཀོལ་སྤྱོད་བྱས་པ་དང་། མེ་གསོད་ཡོ་ཆས་བཀོལ་སྤྱོད་བྱེད་ཐབས་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། ཡུལ་དངོས་ནས་མེ་གསོད་དངོས་འཐབ་ཅན་གྱི་སྦྱོང་བརྡར་སྒྲིག་ཆས་ལ་མྱོང་ཚོར་བྱས། ཏང་ཡོན་ལས་བྱེད་པ་ལང་ལོང་གིས་འཁྲབ་སྦྱོང་ཁྲོད་ཞུགས་པ་དང་། མེ་འགོག་མེ་གསོད་མི་སྣས་སེམས་རྣལ་ལ་ཕབ་ནས་མཛུབ་སྟོན་བྱས་པར་མ་ཟད་དུས་ཐོག་ཏུ་ནོར་འཁྲུལ་ཡོ་བསྲང་བྱས་ཏེ། ཚང་མས་མེ་གསོད་རྩལ་ནུས་ཁོང་དུ་ཆུད་པར་རོགས་རམ་བྱས་པ་དང་། བདེ་འཇགས་འདུ་ཤེས་དང་བསམ་བློའི་ཐེག་ཚད་ནུས་པ། ཉེན་གཡོལ་ནུས་པ་ཇེ་དྲག་ཏུ་བཏང་། མཇུག་མཐར། ཏང་ཡོན་ཡོངས་ཀྱིས་ཏང་གི་དར་དམར་འོག་ཏང་ནང་ཞུགས་པའི་དམ་བཅའ་ལ་ཕྱིར་དྲན་བྱེད་པའི་བྱ་འགུལ་སྤེལ་ནས། གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། ཏང་རྩ་འཛུགས་ཀྱི་གོང་བུར་སྒྲིལ་ཤུགས་དང་དམག་འཐབ་ནུས་པ་ཇེ་མཐོར་བཏང་།

ཐེངས་འདིའི་མེ་འགོག་མེ་གསོད་བདེ་འཇགས་ཀྱི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་བརྒྱུད་དེ། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་མེ་འགོག་མེ་གསོད་རྒྱུན་ཤེས་དང་མེ་འགོག་མེ་གསོད་བདེ་འཇགས་འགོག་ཟོན་གྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། མེ་གསོད་འགོག་ཟོན་དང་མེ་སྐྱོན་ཉེན་གཡོལ་གྱི་རང་ངོས་སྲུང་སྐྱོབ་ནུས་པ་ཇེ་མཐོར་བཏང་ལ། ཉིན་རྒྱུན་དུ་མེ་འགོག་མེ་གསོད་བདེ་འཇགས་ལམ་ལུགས་དང་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་པ་དང་། བདེ་འཇགས་འཆམ་མཐུན་གྱི་སྡེ་ཁག་འཛུགས་སྐྲུན་བྱེད་པའི་ཐད་མངོན་སུམ་གྱི་དོན་སྙིང་ལྡན། དེ་དང་མཉམ་དུ། མེ་གསོད་མེ་འགོག་རྟེན་གཞིའི་མེ་འགོག་མི་སྣའི་བློ་དཀར་སེམས་དཀར་གྱི་བློ་རྩ་རང་གཤིས་དང་སྤྱོད་ཚུལ་སྒྲིག་ལམ་དམ་པོ། མེ་གསོད་རྩལ་ནུས་བཟང་བོས་ཚང་མར་གསོན་ཤུགས་ལྡན་པའི་ཏང་གི་སློབ་ཁྲིད་བཟང་བོ་ཞིག་བྱས།

རིན་ཆེན་མཚོས་བསྒྱུར།