མཚོ་ཤར་གྲོང་ཁྱེར་གྱི2024ལོའི་མཐོ་འབྲིང་སློབ་མའི་ཞིབ་སློབ་ལག་ལེན་བྱ་འགུལ་སྐབས་དང་པོ་དངོས་སུ་མགོ་བརྩམས།
2024.04.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས13ཉིན།    མཚོ་ཤར་གྲོང་ཁྱེར་གྱི2024ལོའི་མཐོ་འབྲིང་སློབ་མའི་ཞིབ་སློབ་ལག་ལེན་བྱ་འགུལ་སྐབས་དང་པོ་དངོས་སུ་མགོ་བརྩམས།

ཐེངས་འདིའི་བྱ་འགུལ་གྱིས་ཧུའུ་ཀྲུའུ་རྫོང་གི་སློབ་མ་གོ་དགུ་རྩ་འཛུགས་བྱས་ཏེ་ཧྲན་ཏུང་ཞིང་ཆེན་ཝེ་ཧེ་གྲོང་ཁྱེར་དུ་སོང་ནས་ལག་ལེན་བརྒྱུད་དེ་བསླབ་དེབ་སྟེང་མེད་པའི་ཤེས་བྱ་ཉམས་སུ་མྱངས་ནས་ལག་ལེན་དངོས་ཀྱི་ཁྲོད་དུ་ཤེས་བྱ་སློབ་སྦྱོང་དང་མི་ཚེར་མྱོང་རོལ་བྱས།

ཉེ་བའི་ལོ་འགའི་རིང་ལ།    མཚོ་སྔོན་ཞིང་ཆེན་གྱི་ཞིབ་སློབ་ལག་ལེན་སློབ་གསོ་དེ་སྡེ་ཁག་སོ་སོའི་ཐུན་མོང་འབད་བརྩོན་འོག་ཏུ་ཕྱོགས་ཡོངས་ནས་སྤེལ་བ་དང་འཕེལ་རྒྱས་ཆེན་པོ་བྱུང་སྟེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས།    མིག་སྔའི་བར་དུ།   ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་སློབ་ལག་ལེན་སློབ་གསོའི་རྟེན་གཞི་ཉེར་བཞི་དང་སྒར་ས་དྲུག་དཔྱད་འདེམས་ངོས་ལེན་བྱས་པ་དང་།  སློབ་གསོ་པུའུ་ཡིས་ཞིང་ཆེན་ནང་ཁུལ་གྱི་རྒྱལ་ཁབ་རིམ་པའི་རྟེན་གཞི་དྲུག་དང་རྒྱལ་ཁབ་རིམ་པའི་སྒར་ས་གཉིས་ལ་མིང་བཏགས། མིག་སྔའི་བར།   སྡེ་ཁག་དྲུག་རྨ་ཆུའི་བཞུར་རྒྱུད་ཀྱི་ཞིབ་སློབ་མནའ་འབྲེལ་ཁོངས་གཏོངས་སྡེ་ཁག་ཏུ་གྱུར་ཡོད།

བྱ་འགུལ་མགོ་རྩོམ་པའི་མཛད་སྒོའི་སྟེང་།   ཞིང་ཆེན་སློབ་གསོ་ཐིན་ཏང་འཛུགས་བསམ་བློ་ཆབ་སྲིད་ཀུན་སྤྱོད་ལུས་རྩལ་ཁྲུའུ་ཡི་འགོ་གཙོ་ཡན་ཀའོ་ལིན་གྱིས་བཤད་རྒྱུར།   རྟེན་གཞི་དང་སྒར་ས་སོ་སོས་སློབ་མ་གསོ་སྐྱོང་བྱེད་པ་ནས་མགོ་བརྩམས་ཏེ་བསམ་བློ་གསར་གཏོད་དང་ཞིབ་སློབ་ལག་ལེན་སློབ་གསོའི་སྤུས་ལེགས་ཁ་ཕྱོགས་ཇུས་འགོད་བྱེད་པ།   སློབ་མ་ཟབ་ཞུགས་བྱེད་པར་འཚམ་པའི་ཉམས་ལེན་རང་བཞིན་དང་ལག་ལེན་རང་བཞིན་གྱི་སློབ་ཁྲིད་དང་བྱ་འགུལ་ཞིབ་སྤེལ་བྱེད་པ།    རིམ་འབྱེད་རིམ་འཕེལ་དང་ཕྱོགས་བསྡུས་སྦྲེལ་མཐུད་ཀྱི་ཞིབ་སློབ་ལག་ལེན་སློབ་གསོའི་སློབ་ཁྲིད་ཐོན་ཁུངས་གྲུབ་པར་བྱེད་པ་སོགས་བྱས་ནས་བསླབ་དེབ་སྟེང་གི་ཤེས་བྱ་དང་འཚོ་བའི་ཉམས་མྱོང་གི་མཉམ་འདྲེས་ཟབ་མོར་ཡར་སྐུལ་བྱེད་དགོས་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།