2024ལོར་རང་ཞིང་གིས་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས300འཆར་འགོད་ལག་བསྟར་བྱ་རྒྱུ་རེད།
2024.04.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ4པའི་ཚེས11ཉིན། གསར་འགོད་པས2024ལོའི་དམངས་ཚིས་དོན་དངོས་བཟོ་སྐྲུན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོར་རང་ཞིང་གིས་སྟོང་སྡེ་དཔེ་སྟོན་དང་ཁྲི་སྡེ་བཅོས་སྐྱོང་བཟོ་སྐྲུན་སྣེ་ཁྲིད་དུ་བྱས་ཏེ། འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས300ལག་བསྟར་བྱ་རྒྱུ་ཡིན་ལ། དེས་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་གསབ་པ་དང་། སྤྱི་པའི་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་ནས། གྲོང་གསེབ་ཀྱི་འདེགས་ནུས་ཇེ་མཐོར་གཏོང་རྒྱུ་རེད། གཙང་བོ་འབྲིང་ཆུང་བཅོས་སྐྱོང་དང་། ཆུ་ལོག་བཅོས་སྐྱོང་། བཞུར་ཁུངས་ཆུང་བའི་ས་ཆུ་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་སོགས་གཅིག་གྱུར་ལག་བསྟར་བྱས་ཏེ། ས་ཆུ་སྲུང་འཛིན་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་དང་ཆུ་བེད་རྨང་གཞིའི་སྒྲིག་ཆས་མ་ལག་འཐུས་ཚང་དུ་གཏོང་རྒྱུ་རེད།

2024ལོར། རང་ཞིང་གིས་ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་དང་བརྟན་འཇགས་གཞི་རྩའི་ས་ཞིང་དམིགས་བསལ་སྲུང་སྐྱོབ་ལམ་ལུགས་དངོས་འབེབས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོབ་འོས་འགན་རྫོང་སོ་ལྔ་ཡིས་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཞིང་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་རེད། ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཚད་གཞི་མཐོ་བའི་ས་ཞིང་མུའུ་འབུམ་གཅིག་ཡན་གསར་སྐྲུན་དང་ལེགས་བཅོས་མཐོར་འདེགས་གཏོང་རྒྱུ་རེད། ས་རྒོད་བསྐྱར་རྨོ་དང་བསྐྱར་སློག་ལ་སྐུལ་འདེད་བཏང་སྟེ། རྨོ་ཞིང་འབྲུ་རིགས་མིན་པ་ཅན་གཏན་འགོག་བྱེད་རྒྱུ་མ་ཟད། རྒྱ་ཁྱོན་དག་གཙང་གི་ཚད་ཀྱིས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བརྒྱད་ཅུ་ཡན་ཟིན་པར་ཁག་ཐེག་བྱ་རྒྱུ་རེད། གཙང་བོ་འབྲིང་ཆུང་བཅོས་སྐྱོང་རྣམ་གྲངས་བཅུ་གསར་འཛུགས་བྱས་ཏེ། གཙང་བོ་བཅོས་སྐྱོང་རིང་ཚད་སྤྱི་ལེ80ཡན་ལེགས་འགྲུབ་བྱ་རྒྱུ་རེད། ཧོང་ཀྲུང་ཆུའུ་ཁྱུང་རྒྱ་གཙང་ལམ་བཅོས་སྐྱོང་བཟོ་སྐྲུན་དང་ཧུའུ་ཀྲུའུ་རྫོང་ཏ་ཧྭ་ལིན་གྲོག་མོའི་ཆུ་ལོག་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱ་རྒྱུ་རེད། ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་པའེ་ཨེ་བཞུར་རྒྱུད་ཆུང་བ་དང་ཧོང་ཀྲུང་ཆུའུ་ཐུའུ་མིན་ཀོན་བཞུར་རྒྱུད་ཆུང་བའི་ས་ཆུ་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱས་ཏེ། བཅོས་སྐྱོང་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་ང་གཉིས་དང་གྲངས་ཆུང་གཉིས་ལ་སླེབས་པ་ལེགས་འགྲུབ་བྱ་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།