མཚོ་སྔོན་ཞིང་ཆེན་གྱིས་སྐོར་ཐེངས་ལྔ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣའི་བརྗོད་དོན་སློབ་སྦྱོང་བགྲོ་གླེང་སྤེལ།
2024.04.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཟླ4པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣ་སྐོར་ཐེངས་ལྔ་པའི་ཁྲོད་འཕེལ་རྒྱས་དུས་སྐབས་ཆེས་བཟང་ཤོས་སུ་མཚོ་སྔོན་རོགས་སྐྱོར་ལ་སྟོབས་ཤུགས་ཆེས་ཆེ་བ་འབུལ་བའི་བརྗོད་དོན་སློབ་སྦྱོང་བགྲོ་གླེང་བྱེད་སྒོའི་བརྡ་ཐོ་འགྲེམས་སྤེལ་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བའི་ལག་བསྟར་པ་བྱེད་པར་ཁྲིད་སྟོན་བྱས་ནས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོན་པོ་དང་། བྱ་བ་སྒྲུབ་པའི་ངར་ཤུགས་སྔར་ལས་དྲག་པོ། བྱ་བ་སྒྲུབ་ཐབས་སྔར་ལས་ནན་མོས་མཚོ་སྔོན་ལ་རོགས་སྐྱོར་གྱི་བྱ་བར་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་བཏོན།

བརྡ་ཐོ་ལས་བསྟན་དོན།  བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣར་ཐུགས་ཁུར་བླ་ལྷག་བྱེད་པ་དུས་རྟག་ཏུ་ཤེས་སུ་འཇུག་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣའི་ལུས་སེམས་གཉིས་ཀ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལག་ལེན་ཁྲོད་འདྲེས་པར་བྱས་ནས།  མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཐོན་ཁུངས་རིགས་སྣ་ཚོགས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་སྡུད་བྱེད་པར་ཁྲིད་སྟོན་བྱ་རྒྱུ་དེ་ཡིན།  བྱེད་སྒོའི་སྟེང་མཚོ་སྔོན་གྱིས་འཕེལ་རྒྱས་དུས་སྐབས་ཆེས་བཟང་ཤོས་བསུ་བཞིན་ཡོད་པ་དང་། མཚོ་སྔོན་འཕེལ་རྒྱས་ལ་ཆེས་མཁོ་བ་གང་ཡིན་པ། རྒྱབ་ཕྱོགས་གཞོགས་འདེགས་མཁན་གྱིས་གང་ཞིག་མཁོ་འདོན་བྱ་ཐུབ་པ། མཚོ་སྔོན་གྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་ངས་ཅི་ཞིག་བསྒྲུབ་ཐུབ་པ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་ནི་ཅི་ཞིག་ཡིན་པ་བཅས་ལ་གཞིགས་ནས་སློབ་སྦྱོང་བགྲོ་གླེང་བྱེད་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་ཤེས་ལྡན་མི་སྣ་རྩ་འཛུགས་བྱས་ནས་དོན་དངོས་དང་སྦྲེལ་ཏེ་ཤེས་རྟོགས་དང་། མྱོང་ཚོར། བསམ་ཕྱོགས་བཅས་གླེང་ནས། མཚོ་སྔོན་ལ་རོགས་སྐྱོར་གྱི་བྱ་བའི་མཇུག་ལེགས་པར་སྐྱོང་བར་སྔར་ལས་སྐུལ་འདེད་གཏོང་རྒྱུ་རེད། བྱེད་སྒོ་དེ་ཆེད་དོན་སློབ་སྦྱོང་ཐེངས་གཅིག་དང་བརྗོད་དོན་བགྲོ་གླེང་ཐེངས་གཅིག རྟོག་ཞིབ་ཟབ་མོ་ཐེངས་གཅིག་དང་ཁྱིུམ་ཚང་དུ་སོང་ནས་འཚམས་འདྲི་ཐེངས་གཅིག་བྱེད་པ། རྒྱབ་ཕྱོགས་འབྲེལ་མཐུད་ཐེངས་གཅིག་དང་། མཉམ་འབྲེལ་གྲོས་ཚོགས་ཐེངས་གཅིག བརྗེ་རེས་བགྲོ་གླེང་ཐེངས་གཅིག གཏམ་བཤད་འགྲན་སྡུར་ཐེངས་གཅིག་སོགས་གཅིག་ཅན་བརྒྱད་ཀྱི་རྣམ་པས་སྤེལ་ཏེ། བྱེད་སྒོ་དེ་དངོས་གཉེར་ཕན་ལྡན་དང་ཡུན་ཐུང་ཕན་འབྲས་མཐོང་ཐུབ་པ་ཞིག་བྱ་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།