མཚོ་སྔོན་ཁྲལ་དོན་ཅུའུ་ཡིས་དམངས་བདེ་བྱེད་ཐབས་བཅུ་གཅིག་བཏོན།
2024.04.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་དམངས་བདེ་ཁྲལ་སྒྲུབ་དངུལ་སྤྲོད་བྱེད་ཐབས་རིགས་བཞི་དང་རྣམ་གྲངས་བཅུ་གཅིག་དོན་ཚན་སོ་དྲུག་བཏོན་ནས་མི་གཤིས་ཅན་དུ་སྒྱུར་བའི་ཞབས་ཞུའི་ཚད་སྔར་ལས་ཇེ་མཐོར་བཏང་།

ཁྲལ་དངུལ་ཞབས་ཞུ་འདོན་སྤྲོད་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བའི་ཐད། རྒྱལ་ཡོངས་གཅིག་གྱུར་ཚད་ལྡན་གྱི་གློག་རྡུལ་ཁྲལ་དོན་ཅུའུ་ཕྱོགས་ཡོངས་ནས་ཁྱལ་གདལ་བཏང་བ་དང་།   རང་བྱུང་མིའི་གློག་རྡུལ་ཁྲལ་དོན་ཅུའུ་ལེགས་སྒྱུར། ཡིད་རྟོན་གདེང་འཇོག་ཆ་འཕྲིན་རང་འགུལ་འདོན་སྤྲོད་དྲན་སྐུལ་ཞབས་ཞུར་སྐུལ་འདེད་བཏང་བ་དང་། གསར་དུ་བཙུགས་པའི་ཚོང་གཉེར་བྱེད་པོས་སྔ་ས་ནས་ཡིད་རྟོན་རིམ་པ་མཐོར་འདེགས་གཏོང་བར་རོགས་ཤུགས་བཏོན་ཞིང་། ཁྲལ་འཇལ་ཡིད་རྟོན་རིམ་པAཅན་གྱི་ཁྲལ་འཇལ་མཁན་གྱི་ལོ་འཁོར་གདེང་འཇོག་སྐར་གྲངས་ཇེ་མཐོར་བཏང་བ་དང་། དངུལ་ཁང་ལས་ཁུངས་དང་མཚོ་སྔོན་ཞིང་ཆེན་དངུལ་ཁང་དང་ཁྲལ་དོན་ཅུའུ་མཉམ་འགུལ་ཞབས་ཞུའི་སྟེགས་བུ་མཉམ་འབྲེལ་སྦྲེལ་མཐུད་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་བཏང་།

ཁྲལ་གྲོན་ཞབས་ཞུར་གཞི་གྲངས་ཀྱིས་སྟོབས་ནུས་སྦྱིན་པར་སྔར་ལས་ཤུགས་སྣོན་པའི་ཐད། ཁྲལ་སྒྲུབ་དངུལ་སྤྲོད་གོ་རིམ་ལེགས་སྒྱུར་དང་། རྒྱུ་ཆ་གོ་བདེ་ཅན། མ་རྩ་ཇེ་དམར་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བ་དང་། མ་ལག་གིས་རང་འགུལ་གྱིས་ཁང་པ་དང་ས་ཞིང་གཉིས་ཀྱི་ཁྲལ་ཁུངས་ཆ་འཕྲིན་བསྡུ་སྒྲིག་རེའུ་མིག་སྐོང་ཐབས་བཏོན་ཞིང་། བླང་བྱ་ལྟར་རང་བྱུང་མིའི་གློག་རྡུལ་ཁྲལ་དོན་ཅུའུ་ཡི་ཁ་པར་སྣེའི་མི་སྒེར་རྒན་གསོའི་དངུལ་ཁྲལ་མ་གཅོག་སྔོན་གྱི་ས་ཚིགས་གཅིག་ཅན་གྱི་རེ་ཞུའི་ནུས་པ་ལེགས་སྒྱུར་བྱེད་པ་དང་ །  སྨན་བཅོས་འགན་སྲུང་སྡེ་ཁག་དང་ཆ་འཕྲིན་མཉམ་སྤྱོད་བྱས་པ་བརྒྱུད་དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་སྐྱོར་བྱས་ཏེ་གཞི་རྩའི་སྨན་བཅོས་འགན་སྲུང་ལ་ཞུགས་པའི་སྲིད་ཇུས་དོན་འཁྱོལ་ནན་མོ་བྱེད་པ་སོགས་ཀྱི་བྱེད་ཐབས་བཏོན།

ཁྲལ་གྲོན་ཞབས་ཞུའི་རྣམ་པ་གསར་གཏོད་ལ་སྔར་ལས་སྐུལ་འདེད་གཏོང་བའི་ཐད། ཁུལ་ཁོངས་བརྒལ་ནས་བསྒྲུབ་པ་དང་། རྒྱལ་ཁོངས་བརྒལ་ནས་བསྒྲུབ་པ། མང་པོ་མཉམ་དུ་བསྒྲུབ་པ། སྒེའུ་ཁུང་གཅིག་ནས་བསྒྲུབ་པ་སོགས་གཅིག་འདུས་རྣམ་པའི་ཞབས་ཞུའི་རྣམ་པ་གསར་གཏོད་རིམ་སྤོར་བྱེད་པ་དང་། ཁུལ་ཁོངས་བརྒལ་བའི་ཁྲལ་གཏོགས་བྱ་བ་སྣ་ཚོགས་ཀྱི་སྙན་ཞུའི་ཡུལ་གཞན་གྱི་བྱེད་སྒོ་དྲ་ཐོག་ནས་བསྒྲུབ་པར་སྐུལ་འདེད་གཏོང་བ། ཁྲལ་འཇལ་མཁན་ལ་ཁྲལ་ལམ་བརྒྱུད་ཐུབ་པའི་རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཚོང་རྟགས་ཤེས་བྱའི་ཐོན་རྫས་མཚམས་སྦྱོར་བྱེད་པ། ཁྲལ་གཏོགས་ཆེད་ལས་ཞབས་ཞུའི་ལས་ཁུངས་དང་དེའི་ལས་ཞུགས་མི་སྣས་གློག་རྡུལ་ཁྲལ་དོན་ཅུའུ་སྟེང་གི་ལས་ཚབ་ཁྲལ་སྒྲུབ་བྱེད་ནུས་ལེགས་སྒྱུར་བྱེད་པ། འགུལ་མེད་རྒྱུ་ནོར་ཐོ་འགོད་ཁྲལ་སྒྲུབ་དེ་སྒེའུ་ཁུང་གཅིག་ནས་བསྒྲུབ་པར་རྒྱུན་མཐུད་ལེགས་སྒྱུར་སོགས་ཀྱི་བྱེད་ཐབས་བཏོན། 

ལྷ་མོ་འཚོས་བསྒྱུར།