གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས།  ན་གཞོན་གྱི་ཁག་ཁུར་ཞེས་པའི་བརྗོད་དོན་གུང་གཞོན་ཚོགས་པའི་ཉིན་མོའི་བྱ་འགུལ་སྤེལ།
2024.04.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

རྒྱ་ཆེའི་ན་གཞོན་གུང་གཞོན་ཚོགས་མིས་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པར་ཁྲིད་སྟོན་བྱེད་ཆེད།  ཟླ4པའི་ཚེས16ཉིན།   གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ན་གཞོན་གྱི་ཁག་ཁུར་ཞེས་པའི་ཞིང་ཆེན་རིམ་པའི་བརྗོད་དོན་གུང་གཞོན་ཚོགས་པའི་ཉིན་མོའི་དཔེ་སྟོན་བྱ་འགུལ་སྤེལ།   ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སོ་སོ་ནས་ཡོངས་པའི་གུང་གཞོན་ཚོགས་པའི་ན་གཞོན་འཐུས་མི་སྟོང་གཅིག་ལྷག་མཚོ་སྔོན་ཞིང་ཆེན་ལྕི་བའི་བཟོ་ལས་ལས་རིགས་ལག་རྩལ་སློབ་གྲྭ་ནས་བརྗོད་དོན་གུང་གཞོན་ཚོགས་པའི་ཉིན་མོའི་བྱ་འགུལ་ལ་ཞུགས།

རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་རིགས་བསྐྱར་དར་གྱི་གཞི་རྩ་ཡིན་པ་དང་།   སྤྱི་ཚོགས་བརྟན་འཇགས་ནི་རྒྱལ་ཁབ་སྟོབས་ལྡན་གྱི་སྔོན་འགྲོ་ཡིན།   བྱ་འགུལ་ཁྲོད་དུ།   གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིན་གྱི་ཆེད་ལས་རྐང་འཛིན་པ་གདན་དྲངས་ནས་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པའི་བརྗོད་དོན་གུང་གཞོན་ཚོགས་པའི་སློབ་ཁྲིད་བྱེད་དུ་བཅུག་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་།    གཞུང་ལུགས་དང་གྱོད་དཔེ་མཉམ་བསྲེས་ཀྱི་རྣམ་པ་སྤྱད་དེ་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བའི་ནང་དོན་གཙོ་བོར་འགྲེལ་བཤད་ཞིབ་མོ་བྱས་ཤིང་།   རྒྱ་ཆེའི་གུང་གཞོན་ཚོགས་མི་དང་ན་གཞོན་དག་གིས་ཁྲིམས་སྐྱོང་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་རང་རྟོགས་ངང་ཁྲིམས་སྲུང་ཁྲིམས་བརྩི་བྱེད་པར་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་།

ལྷ་མོ་ཚེ་རིང་གིས་བསྒྱུར།