ཞིང་ཆེན་དམག་ཁུལ་རིག་གནས་དྲིལ་སྒྲོག་རུ་ཁག་ཆུང་བས་དཔྱིད་དུས་སྒྲོག་འགྲེལ་བྱེད་སྒོ་སྤེལ།
2024.04.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས12ཉིན། ཞིང་ཆེན་དམག་ཁུལ་རིག་གནས་དྲིལ་སྒྲོག་རུ་ཁག་ཆུང་བ་དང་ཟི་ལིང་གྲོང་ཁྱེར་དམངས་དམག་རིག་གནས་དྲིལ་སྒྲོག་རུ་ཁག་ཆུང་བས་མི་སུམ་ཅུ་ལྷག་བདམས་ནས་དྲིལ་སྒྲོག་རུ་ཁག་བཙུགས་ཏེ། གཞི་རིམ་དུ་བསྐྱོད་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་རྒྱལ་སྲུང་སློབ་གསོ་སྤེལ།

དྲིལ་སྒྲོག་རུ་ཁག་གིས་གོ་བདེ་ལ་རྟོགས་སླ་བ་དང་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པ་སྤྱད་དེ། ཏང་ཀྲུང་དབྱང་གི་དམངས་ཕན་སྲིད་ཇུས་དང་། རྒྱལ་ཡོངས་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཁྲོད་ཚང་མས་ཆེས་དོ་ཁུར་བྱེད་པའི་གནད་དོན་གཙོ་བོ་དང་ས་གནས་དེ་གའི་དོན་དངོས་ཟུང་འབྲེལ་བྱས་ནས་དོན་ཟབ་གོ་སླའི་འགྲེལ་བཤད་བྱས།  གསོན་ཉམས་ལྡན་པའི་སྒྲོག་འགྲེལ་གྱིས་ཏང་གི་འབོད་སྐུལ་བཟང་པོ་གཞི་རིམ་གྱི་མི་རིགས་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་ཏེ། ཚང་མར་ཏང་དང་སྲིད་གཞུང་གིས་མི་རིགས་ས་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ལ་བཅངས་པའི་བརྩེ་སེམས་ཉམས་སུ་མྱོང་དུ་བཅུག

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ཞིང་ཆེན་དམག་ཁུལ་གྱིས་སྟོབས་ཤུགས་གཅིག་སྒྲིལ་དང་གོང་འོག་མཉམ་འགུལ་གྱིས་རིག་གནས་དྲིལ་སྒྲོག་རུ་ཁག་ཆུང་བ་རྩ་འཛུགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོར་སོང་ནས་ཡུལ་ཚོ་བརྒྱ་ལ་འགྲོ་བ་དང་། སྡེ་བ་སྟོང་ལ་འགྲོ་བ། ཁྱིམ་ཚང་ཁྲི་ལ་མཚམས་འདྲི་བྱེད་པ་བཅས་ཀྱི་བྱ་འགུལ་སྤེལ་བས་དོ་ཁུར་བྱེད་པའི་མང་ཚོགས་དང་སློབ་མ་མི་ཐེངས་འབུམ་གཅིག་ལྷག་ལ་སླེབས་ཤིང་། ཏང་གི་གསར་གཏོད་གཞུང་ལུགས་དང་རྒྱལ་སྲུང་སློབ་གསོ་དེ་ལས་ཁུངས་དང་ཞིང་སྡེ། སྡེ་ཁུལ། ཁེ་ལས། སློབ་ར། དགོན་པ་བཅས་ནས་དྲིལ་སྒྲོག་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་ལ། ཁེབས་ཚད་དང་ཤུགས་རྐྱེན་ཐེབས་ཚད་མུ་མཐུད་དུ་རྒྱ་བསྐྱེད་དེ། རྒྱུན་ཆད་མེད་པར་མཚོ་སྔོན་གྱི་ལམ་དུ་བསྐྱོད་པ་དང་མཚོ་སྔོན་གྱི་ཁྱད་ཆོས་གྲུབ་ལ་མཚོ་སྔོན་གྱི་ཚོང་རྟགས་བསྐྲུན།

ལྷ་མོ་འཚོས་བསྒྱུར།