འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་སྤེལ།
2024.04.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས15ཉིན། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ། རིམ་པ་དང་པོའི་སྐོར་ཞིབ་པ་ཧི་ཝུན་ཀི་གདན་དྲངས་ནས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་འགོ་ཁྲིད་ལས་བྱེད་པར་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་གི་ཆེད་དོན་ཟུར་ཁྲིད་བྱེད་དུ་བཅུག

ཧི་ཝུན་ཀི་ཡིས་དུས་ཡུན་རིང་བོར་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་བསྒྲུབས་པ་དང་ཕྱི་དོན་བྱ་བའི་གཞུང་ལུགས་སྲིད་ཇུས་ལ་ཞིབ་འཇུག་བྱས་མྱོང་ཞིང་། སྲོལ་ཡིག་བཟོ་བཅོས་ཁྲོད་ཞུགས་མྱོང་བ་དང་། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གྱི་གཞུང་ལུགས་སྲིད་ཇུས་བྱ་བའི་ཐད་ཀྱི་ཆེད་མཁས་པ་ཡིན། འཆད་ཁྲིད་སྐབས་སུ་ཁོས་སྲོལ་ཡིག་བཟོ་བཅོས་ཀྱི་རྒྱབ་ལྗོངས་དང་དོན་སྙིང་། འཐབ་ཕྱོགས་གཅིག་གྱུར་བྱ་བའི་གོ་གནས་དང་བྱེད་ནུས་གལ་ཆེན། ཏང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པ། འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་སོ་སོའི་བྱ་བའི་ལས་འགན་གལ་ཆེན་དང་ཤུགས་འདོན་ས་གཙོ་བོ། ཏང་ཕྱིའི་འཐུས་ཚབ་མི་སྣའི་རུ་དཔུང་འཛུགས་སྐྱོང་ལ་ཤུགས་སྣོན་པ། སྲོལ་ཡིག་ལག་བསྟར་དང་དོན་འཁྱོལ་བྱེད་པ་སོགས་ཀྱི་ཕྱོགས་ནས་མ་ལག་ལྡན་པར་གཞུང་ལུགས་དང་ལག་ལེན་གྱི་གསལ་འགྲེལ་བྱས་ལ། བརྗོད་དོན་མངོན་པར་གསལ་བ་དང་གཙོ་གནད་འབུར་ཐོན་པའི་སྒོ་ནས་འཆད་ཁྲིད་ལ་ཉན་མཁན་རྣམས་ལ་གསོན་ཉམས་ལྡན་པའི་གཞུང་ལུགས་གསོ་སྦྱོང་དང་ལས་རིགས་མཛུབ་སྟོན་གྱི་སློབ་ཁྲིད་བྱས།

འཆད་ཁྲིད་ལ་ཉན་མཁན་རྣམས་ཀྱིས་བཤད་རྒྱུར། སྲོལ་ཡིག་ནི་དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྩ་བའི་གཞི་འཛིན་ས་ཡིན་ལ། འཐབ་ཕྱོགས་གཅིག་གྱུར་བྱ་བ་སྒྲུབ་མཁན་གྱི་ངེས་སྦྱོང་བསླབ་ཚན་གཙོ་བོ་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ལ། སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཟུང་འབྲེལ་དམ་ཟབ་བྱས་ནས་འགན་འཁྲི་ཤེས་པ་དང་སྒྲིག་ཁྲིམས་རྟོགས་པ་དང་། འགན་འཁྲི་སྒྲུབ་པ་དང་སྒྲིག་ཁྲིམས་སྲུང་ནས་ཕྱོགས་ཡོངས་ནས་རྟོག་དཔྱོད་ཞིབ་འཇུག་དང་གནད་དོན་ཐག་གཅོད། མཐུན་སྒྲིལ་སྣེ་ཁྲིད། བདེན་སྲུང་གསར་གཏོད་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཟེར།

མི་ཕམ་མགོན་པོས་བསྒྱུར།