གྲོང་ཁྱེར་དང་རྫོང་གི་དམངས་ཆེན་ཀྲུའུ་རིན་གྱི་གསོ་སྦྱོང་འཛིན་གྲྭ་འཚོགས།
2024.04.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་གིས་འགན་སྒྲུབ་བྱས་པའི་གྲོང་ཁྱེར་དང་རྫོང་གི་དམངས་ཆེན་ཀྲུའུ་རིན་གྱི་གསོ་སྦྱོང་འཛིན་གྲྭ་སྐབས་སོ་བཞི་པ་འཚོགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ་ང་བཞི་དུས་ཡུན་ཉིན་ལྔའི་རིང་གི་གཅིག་སྡུད་གསོ་སྦྱོང་ལ་ཞུགས།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་མ་རྣམས་ལ་འཚམ་པའི་སྤུས་ཚད་མཐོ་བའི་ཆེད་དོན་སློབ་ཁྲིད་རབ་དང་རིམ་པ་བཀོད་སྒྲིག་བྱས་པ་དང་། ནང་དོན་ལ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན། ཏང་གི་ལོ་རྒྱུས་དང་ཏང་གཤིས་སློབ་གསོ། ལས་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་བཅས་ཁག་གསུམ་འདུས་ཤིང་། མིང་གྲགས་ཅན་གྱི་ཆེད་མཁས་པ་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་གདན་འདྲེན་ཞུས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་འབྱུང་བར་བྱེད་པའི་བགྲོད་ལམ་ཉག་གཅིག་ཡིན་པ་དང་།  ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཚན་རིག་ནང་དོན་དང་ལག་ལེན། གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། ས་གནས་དམངས་ཆེན་གྱི་ལྟ་སྐུལ་བྱ་བའི་གནད་དོན་ཁ་ཤས་ཀྱི་བསམ་གཞིགས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་། ས་གནས་རྩ་འཛུགས་བཅའ་ཁྲིམས་སོགས་ཀྱི་བསླབ་ཚན་འཆད་ཁྲིད་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ་མཚོ་སྔོན་ནས་ལག་ལེན་བྱེད་པའི་ཡུལ་དངོས་སློབ་ཁྲིད་དང་། སྲིད་འཛིན་ཇུས་ཆོད་གལ་ཆེན་གྱི་ཁྲིམས་བཀོད་གོ་རིམ་རིགས་འདེད་རྒྱས་བཀྲོལ་བྱེད་པའི་དཔེ་གཞིའི་སློབ་ཁྲིད། འཛིན་གྲྭའི་གྲོས་སྡུར་དང་ཚན་ཆུང་བགོས་ནས་གྲོས་སྡུར་བྱེད་རྒྱུ་བཀོད་སྒྲིག་བྱས་ཡོད། དེའི་དམིགས་ཡུལ་ནི་སློབ་མ་རྣམས་ལ་རོགས་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སྔར་ལས་རྒྱུས་ལོན་བྱེད་པ་དང་། ལས་སྒྲུབ་ཁྱབ་ཁོངས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ཤེས་པར་བྱེད་པ། དམངས་ཆེན་བྱ་བ་ལེགས་པོར་སྒྲུབ་པའི་ནུས་པ་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། 

ཐེངས་འདིའི་གསོ་སྦྱོང་གིས་སློབ་ཁང་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད་གཉིས་ཟུང་འབྲེལ་བྱེད་པ་དང་། ཕྱོགས་བསྡུས་སྒོས་དཔེ་གཞིའི་རྣམ་པ་དང་བརྙན་ལམ་སློབ་ཁྲིད། ཚན་ཆུང་གྲོས་སྡུར་དང་ཡུལ་དངོས་སློབ་ཁྲིད་སོགས་སློབ་ཁྲིད་བྱེད་ཐབས་རིགས་མང་པོ་སྤྱད་ཅིང་། སློབ་མ་རྣམས་ཀྱིས་རང་སྦྱོང་དང་གསབ་ཁྲིད། བགྲོ་གླེང་། བརྗེ་རེས་བཅས་བརྒྱུད་དེ། སློབ་ཁྲིད་ཀྱི་དགེ་མཚན་དང་སློབ་མའི་དགེ་མཚན་མངོན་པར་བྱས་ནས། སློབ་མ་རྣམས་ལ་སློབ་སྦྱོང་ལ་བློ་སྐྱེད་དང་ཐོབ་བྱ། ཕན་འབྲས་བཅས་ཡོད་པར་བྱེད་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།