ཡུལ་ཚོའི་ཏང་སྲིད་ལས་འགན་གཙོ་བོ་འཁུར་མཁན་གྱི་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་འཚོགས།
2024.04.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་གིས་འགན་སྒྲུབ་བྱས་པའི་ཡུལ་ཚོའི་ཏང་སྲིད་ལས་འགན་གཙོ་བོ་འཁུར་མཁན་གྱི་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་འཚོགས་པ་དང་། ཞིང་ཆེན་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་དང་ཡུལ་ཚོ་དང་གྲོང་རྡལ་གྱི་འགོ་གཙོ་བརྒྱ་གསོ་སྦྱོང་ལ་ཞུགས།

ཞིང་ཆེན་གོང་འོག་ཡོངས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་།  གྲོང་གསེབ་དར་སྤེལ་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བའི་སྐབས་འདིར། ཡུལ་ཚོའི་ཏང་སྲིད་ལས་འགན་གཙོ་བོ་འཁུར་མཁན་གྱི་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྡུ་བའི་དམིགས་ཡུལ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ། ཡུལ་ཚོའི་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན་གྱིས་གཞི་རིམ་ཏང་འཛུགས་དང་། གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ་སོགས་ཀྱི་བྱ་བ་དམ་འཛིན་བྱེད་པའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་བཏང་སྟེ། ཡུལ་ཚོའི་བྱ་བའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དེ་རེད། མ་ལག་ཅན་གྱི་སློབ་སྦྱོང་དང་གསོ་སྦྱོང་བྱས་པ་བརྒྱུད་དེ། ཡུལ་ཚོའི་ཏང་སྲིད་ལས་འགན་གཙོ་བོ་འཁུར་མཁན་གྱི་བསམ་པའི་འདུ་ཤེས་སྔར་ལས་གསར་སྒྱུར་བྱེད་པ་དང་། གཞུང་ལུགས་ཆུ་ཚད་ཇེ་མཐོར་གཏོང་བ། བྱ་བ་སྒྲུབ་ཐབས་སྒྱུར་བཅོས་བྱེད་པ་དང་། འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་རྒྱུ་རེད། བསླབ་ཚན་བཀོད་སྒྲིག་ཐད། ཆབ་སྲིད་རང་བཞིན་མངོན་གསལ་དོད་པོ་ཡིན་ཏེ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་དྲུག་གདན་འདྲེན་ཞུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟོག་དཔྱོད་ཞིབ་འཇུག་གི་འདུ་ཤེས་འཛིན་སྟངས་དང་། བོད་འབྲེལ་ཐབས་ཇུས། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ་སོགས་ཕྱོགས་ཀྱི་རྒྱས་བཤད་གལ་ཆེན་ལ་འགྲེལ་བཤད་བྱེད་པ་དང་། དེ་དང་མཉམ་དུ། ཅི་ཞིག་བསྒྲུབ་པ་དང་། ཅི་ཞིག་སློབ་པ། ཅི་ཞིག་མི་འདང་བ། ཅི་ཞིག་ཁ་གསབ་བྱེད་པ་བཅས་ཀྱི་རྩ་དོན་ལྟར་ཁ་གཏད་རང་བཞིན་ལ་ཤུགས་བསྣན་ནས། ཆེད་མཁས་པ་དང་འགོ་ཁྲིད་གདན་འདྲེན་ཞུས་ཏེ་རང་ཞིང་གི་གྲོང་གསེབ་དར་སྤེལ་སྐོར་གྱི་སློབ་སྦྱོང་དང་བསམ་གཞིགས།  ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་ངང་གྲུབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ལྡབ་གསུམ་འཕར་བ་མངོན་འགྱུར་བྱེད་པ། རྐྱེན་སྲོལ་གསར་གཏོད་ཀྱིས་ཐོན་ལས་ཀྱི་ནུས་ཤུགས་འདོན་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་ཞི་མཐུན་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཏང་འཛུགས་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཆེད་དོན་འཆད་ཁྲིད་བྱེད་དུ་འཇུག་རྒྱུ་རེད།

ཐེངས་འདིའི་གསོ་སྦྱོང་བྱེད་ཡུན་ཉིན་ལྔ་ཡིན་ཏེ། གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་གཉིས་ཟུང་འབྲེལ་བྱེད་པ་དང་། ཕྱོགས་བསྡུས་སྒོས་སློབ་ཁྲིད་བྱེད་ཐབས་རིགས་མང་པོ་སྤྱད་ཅིང་། རང་སྦྱོང་དང་གསབ་ཁྲིད། བགྲོ་གླེང་། བརྗེ་རེས་བཅས་བརྒྱུད་དེ། སློབ་ཁྲིད་ཀྱི་དགེ་མཚན་དང་སློབ་མའི་དགེ་མཚན་མངོན་པར་བྱས་ནས། སློབ་མ་རྣམས་ལ་བློ་སྐྱེད་དང་ཐོབ་བྱ། གྲུབ་འབྲས་བཅས་ལྡན་པར་བྱེད་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།