ཞིང་ཆེན་མེ་འགོག་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་སུ་མེ་འགོག་མེ་གསོད་བདེ་འཇགས་ཀྱི་ཆེད་དོན་གསོ་སྦྱོང་སྤེལ།
2024.04.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

བསྟུད་མར་ཉིན་འགའི་རིང་ལ།  ཞིང་ཆེན་མེ་འགོག་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལོ་ཧྲིལ་བོའི་མེ་འགོག་མེ་གསོད་བདེ་འཇགས་ཀྱི་དུས་བཅད་གསོ་སྦྱོང་བླང་བྱ་ལྟར།   མི་སྣ་མངགས་སྟེ་སོ་སོར་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་སྤྱིའི་བཟོ་ཚོགས།  ཞིང་ཆེན་སློབ་གསོ་ཐིན་བཅས་ཀྱི་ལས་བྱེད་མི་སྣར་མེ་འགོག་མེ་གསོད་བདེ་འཇགས་ཀྱི་ཆེད་དོན་གསོ་སྦྱོང་བྱས།

ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་ནི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་མེ་འགོག་མེ་གསོད་བདེ་འཇགས་འདུ་ཤེས་དང་མེ་འགོག་མེ་གསོད་རྩལ་ནུས་ཇེ་དྲག་ཏུ་གཏོང་བ་དང་།    མེ་འགོག་མེ་གསོད་བདེ་འཇགས་ཀྱི་འགན་སྒྲུབ་ནུས་པ་དང་མེ་སྐྱོན་འགོག་ཟོན་ཆུ་ཚད་མཐོར་འདེགས་གཏོང་བའི་ཆེད་དུ་རེད།     གསོ་སྦྱོང་སྐབས་སུ།    དགེ་རྒན་རྣམས་ཀྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་གནས་བབ་དང་སྡེ་ཁག་གི་མེ་འགོག་མེ་གསོད་བདེ་འཇགས་ཀྱི་འགན་འཁྲིའི་ལས་འགན།   མེ་འགོག་མེ་གསོད་བདེ་འཇགས་ཀྱི་རྨང་གཞིའི་ཤེས་བྱ་སོགས་ཕྱོགས་ལ་དམིགས་ཏེ་གོ་སླ་བའི་སྒོ་ནས་མིག་སྔའི་མེ་འགོག་མེ་གསོད་བདེ་འཇགས་ཀྱི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་ཟབ་མོ་བྱས་ཤིང་།   མེ་སྐྱོན་དོན་རྐྱེན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་མེ་སྐྱོན་དོན་རྐྱེན་གྱི་བསླབ་བྱ་སྤྱི་སྡོམ་བྱས་ཏེ་དོན་རྐྱེན་གྱི་གནོད་འཚེ་དང་སྡེ་ཁག་གི་འགན་འཁྲི་སོགས་ཐད་ནས་འགྲེལ་བཤད་ཟབ་མོ་བྱས།   ཡུལ་དངོས་སྦྱོང་བརྡར་གྱི་བྱེད་ཐབས་སྤྱད་དེ་མེ་འགོག་མེ་གསོད་སྒྲིག་ཆས་ཀྱི་བཀོལ་སྤྱོད་བྱེད་ཐབས་དང་རང་སྐྱོབ་རྩལ་ནུས་ཁྱབ་གདལ་དུ་བཏང་ནས་ལས་བྱེད་མི་སྣའི་མེ་སྐྱོན་སྔོན་འགོག་དང་རང་སྐྱོབ།  འཕྲལ་བསྟུན་ཉེན་གཡོལ་གྱི་ནུས་པ་ནུས་ཡོད་སྒོས་ཇེ་དྲག་ཏུ་བཏང་།

ཞིང་ཆེན་མེ་འགོག་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགོ་ཁྲིད་པས་བསྟན་དོན།  གོ་རིམ་རྗེས་མར།   སྡེ་ཁག་གི་དུས་བཅད་དགོས་མཁོར་གཞིགས་ནས།   དགེ་རྒན་དཔུང་སྡེའི་སྟོབས་ཤུགས་དང་སློབ་ཁྲིད་ཀྱི་ནང་དོན་སྔར་ལས་འཐུས་ཚང་དུ་གཏོང་བ་དང་གསོ་སྦྱོང་ཞབས་ཞུ་བཟང་བོར་བསྒྲུབ་ནས་ལོ་ཧྲིལ་བོའི་དུས་བཅད་གསོ་སྦྱོང་བྱ་བར་གྲུབ་འབྲས་ཐོབ་པར་འགན་སྲུང་བྱ་རྒྱུ་ཡིན་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།