མཚོ་སྔོན་གྱིས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་བྱེ་བ་ལྔ་ས་ཡ་གཉིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པའི་གློག་དྲའི་རྨང་གཞི་སྲ་བརྟན་དུ་བཏང་།
2024.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས18ཉིན། གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀུང་སི་འདིས་ད་ལོར་གློག་དྲའི་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་བྱེ་བ་ལྔ་ས་ཡ་གཉིས་བཀོད་སྒྲིག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་གློག་དྲའི་འཛུགས་སྐྲུན་སྲ་བརྟན་དུ་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་འཐབ་ཇུས་ཞབས་ཞུ་ལག་བསྟར་བྱས།

རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་གནས་སྡོད་ས་ཚུགས་དང་སྡེ་སྡོད་རོགས་སྐྱོར་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས་གློག་དྲ་ཁེ་ལས་ཀྱི་ལས་གཞི་གཙོ་བོར་དམིགས་ནས་ལས་རིགས་རོགས་སྐྱོར་བྱེད་ཐབས་གཏིང་ཟབ་ཏུ་གཏོང་བ་དང་། དངོས་སུ་ཞིབ་འཇུག་བྱས་ནས2024ལོའི་གྲོང་གསེབ་དར་སྤེལ་བྱ་བར་རོགས་འདེགས་བྱ་བའི་བླང་བྱ་བཏོན་པ་དང་། གློག་དྲ་འཛུགས་སྐྲུན་དང་གློག་འདོན་ཞབས་ཞུ། གནས་སྡོད་ས་ཚུགས་ཀྱི་རོགས་སྐྱོར་སོགས་ལས་གཞི་ཉེར་བདུན་གྱི་བྱ་བའི་ལས་འགན་ཁ་གསལ་བཟོས་པ་དང་། ཞིང་གསུམ་བྱ་བའི་ལས་འགན་གཙོ་བོ་ནུས་ལྡན་སྒོས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་། ཀུང་སི་འདིས་ལོ་ཧྲིལ་བོར་གློག་དྲའི་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་བྱེ་བ་ལྔ་ས་ཡ་གཉིས་བཀོད་སྒྲིག་བྱས་ནས་ཡུས་ཧྲུའུ་དང་མགོ་ལོག་གི་སྟོང་ཝ330ཅན་གྱི་སྐུད་ལམ་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མཚོ་ནུབ་ཁྲེ་ཡོན་གྱི་སྟོང་ཝ110ཅན་གྱི་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན་སོགས་སྟོང་ཝ110ཅན་གྱི་ལས་གཞི་ཉེར་བདུན་དང་སྟོང་ཝ35ཅན་གྱི་ལས་གཞི་སོ་གསུམ། སྟོང་ཝ10ཅན་གྱི་ལས་གཞི་ཉིས་བརྒྱ་ཉེར་དགུ་དང་དེའི་མན་གྱི་རོང་ཁུལ་གློག་དྲའི་བཟོ་སྐྲུན་ལག་བསྟར་གྱི་འཆར་གཞི་བཟོས་པ་དང་། ཞིང་སྡེ་དང་འབྲོག་ཁུལ་གྱི་གློག་འདོན་ནུས་པ་དང་གློག་འདོན་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་བཏང་ནས་གྲོང་གསེབ་ཀྱི་གློག་ཤུགས་རྨང་གཞི་སྲ་བརྟན་དུ་བཏང་།

རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རྒྱལ་ཁབ་གློག་དྲ་ཀུང་སིའི་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། ལས་འགན་དམིགས་འབེན་དམ་འཛིན་བྱས་ནས་ནུས་ཤུགས་ཡོད་རྒུས་རོང་ཁུལ་གྱི་གློག་དྲ་སྲ་བརྟན་མཐོར་འདེགས་དང་འབྲོག་ཁུལ་དུ་གློག་འདོན་ཞབས་འདེགས་ཞུ་བ། གནས་སྡོད་རོགས་སྐྱོར་སོགས་ཀྱི་བྱ་བ་སྒྲུབ་ནས་མཚོ་སྔོན་གྱིས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཀྲུང་དབྱང་ཁེ་ལས་ཀྱི་སྟོབས་ཤུགས་འབུལ་རྒྱུ་རེད།