ཡུས་ཧྲུའུ་ཁུལ་གྱིས་ནགས་རྩྭའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོར་ཤུགས་བསྣན།
2024.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ད་ལོར།   ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ནགས་རྩྭའི་སྐྱེ་ཁམས་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་སྟེ་ནགས་རྩྭའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལས་གཞི་ལག་བསྟར་བཟང་བོ་བྱས།

ད་ལོར།   ཡུས་ཧྲུའུ་ཁུལ་གྱི་ནགས་རྩྭའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལས་གཞིའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་ལྔ་ཡིན་པ་དང་།   ཁུལ་ཁོངས་ཡོངས་ཀྱི་རྩྭ་ས་སྤྱི་ཆིངས་འབུམ་གཅིག་དང་ཁྲི་བདུན་གཙང་སྒྱུར་བྱེད་རྒྱུ་ཡིན་ལ།  དེ་རྫ་སྟོད་དང་ཁྲི་འདུ།   ཆུ་དམར་ལེབ་སོགས་དང་འབྲེལ་བ་ཡོད།

ཡུས་ཧྲུའུ་ཁུལ་ནགས་ལས་དང་རྩྭ་ས་ཅུའུ་ཡིས་ཚན་རིག་ལྟར་བཅོས་སྐྱོང་སླར་གསོ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། རྒྱུན་ལྡན་གྱི་ལས་གཞི་དང་བཟོ་སྐྲུན་གཙོ་བོ་དང་ཁོངས་ཡོངས་ཀྱི་ཆེད་དོན་འགུལ་སྐྱོད་ནུས་ཡོད་ཟུང་འབྲེལ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་གཅིག་འདོམས་ལེགས་སྒྲིག   ཕྱོགས་བསྡུས་སྐུལ་འདེད་བཅས་བྱས་པ་དང་།     ལས་གཞི་རིམ་བརྩེགས་དང་མ་དངུལ་བསྐྱར་གཏོང་གཏན་འགོག་བྱས་ཤིང་། ལྗང་སྒྱུར་དང་གཙང་སྒྱུར་ཁོངས་ཡོངས་ལ་ཁེབས་པར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱས།   ནགས་རྩྭ་ལས་གཞིའི་སྤུས་ཚད་ཐད་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་བཏང་སྟེ་ནགས་རྩྭའི་ལས་གཞི་འཛུགས་སྐྲུན་སྒྲིག་ཁྲིམས་དང་གོ་རིམ་ལྟར་སྤེལ་བར་སྐུལ་འདེད་བཏང་བ་དང་།   ལྟ་སྐུལ་དོ་དམ་གྱི་འགན་འཁྲི་གཙོ་བོ་ལག་བསྟར་ནན་མོ་བྱས་ཤིང་།   ལྟ་སྐུལ་དོ་དམ་གྱི་བྱེད་ཐབས་ཇེ་ཞིབ་ཏུ་བཏང་སྟེ་ལས་གཞི་བདེ་འཇགས་སྒོས་ལག་བསྟར་བྱེད་པར་འགན་སྲུང་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།