མཚོ་སྔོན་གྱིས་ཚོང་གཉེར་གཙོ་གཞིའི་སྤུས་ཚད་མཐོར་འདེགས་གཏོང་བའི་འགུལ་སྐྱོད་སྤེལ།  
2024.04.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

ཚོང་གཉེར་གཙོ་གཞི་ནི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཤུགས་ཀྱི་འབྱུང་ཁུངས་ཡིན། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་གཙོ་བོ་ཚོང་གཉེར་གཙོ་གཞིའི་གཞི་ཁྱོན་སྒྲིག་གཞི་དང་གསོན་ཤུགས། ལུགས་མཐུན་ཚོང་གཉེར། འགྲན་རྩོད་ནུས་པ། དཔལ་འབྱོར་ཁེ་ཕན། སྤྱི་ཚོགས་འགན་འཁྲི་སོགས་བཅས་དྲུག་ལ་གཞིགས་ཏེ། རང་ཞིང་གི་ཚོང་གཉེར་གཙོ་གཞིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་ཁྲིད་སྟོན་དང་སྐུལ་འདེད་གཏོང་རྒྱུ་རེད། ཟླ4པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་གསར་འགོད་པར་བཤད་རྒྱུར། ཉེ་ཆར། ཞིང་ཆེན་སྲིད་གཞུང་མོས་མཐུན་བྱུང་བ་བརྒྱུད་དེ། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་བརྡ་ཐོ་འགྲེམ་སྤེལ་བྱས་ཤིང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཚོང་གཉེར་གཙོ་གཞིའི་སྤུས་ཚད་མཐོར་འདེགས་གཏོང་བའི་འགུལ་སྐྱོད་སྤེལ་ནས། ལས་གཏོད་ལ་བརྩི་མཐོང་དང་། གསར་གཏོད་ལ་སྐུལ་འདེད། གསོན་ཤུགས་ལ་སྐུལ་སྤེལ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་གཙོ་གཞིའི་འཕེལ་རྒྱས་ཀྱི་སྤུས་ཀའི་ནུས་ལྡན་མཐོར་འདེགས་དང་གྲངས་ཀའི་ལུགས་མཐུན་ཡར་འཕར་ལ་གཞོགས་འདེགས་བྱེད་རྒྱུ་ཡིན་ཟེར། 

ཞིང་ཆེན་ཡོངས་ཀྱི་ཚོང་གཉེར་གཙོ་གཞི་སྔར་ལས་སྐྱེད་སྲིང་དང་། འཕེལ་རྒྱས།  རྒྱ་སྐྱེད་གཏོང་བ་དང་། རིགས་མི་འདྲ་བའི་ཚོང་གཉེར་གཙོ་གཞིའི་ནང་གནས་སྒུལ་ཤུགས་དང་སྤྱི་ཚོགས་གསར་གཏོད་ནུས་ཤུགས་རྒྱུན་མཐུད་སྒོས་བསྐྱེད་ཆེད། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཚོང་གཉེར་གཙོ་གཞིའི་གཞི་ཁྱོན་སྒྲིག་གཞི་ལེགས་སྒྱུར་བྱེད་པ་དང་། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་དེ་ཁེ་ལས་ལ་བསྒྱུར་བའི་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་ཏན་ཏིག་གཏོང་བ།  ཁེ་ལས་ཆུང་བ་དེ་གཞི་ཁྱོན་ཅན་ཡན་གྱི་ཁེ་ལས་ལ་འཕར་བའི་སྐས་རིམ་རྣམ་པའི་སྐྱེད་སྲིང་ལག་བསྟར་བྱེད་པ་དང་། གཞི་ཁྱོན་ཅན་ཡན་གྱི་ཁེ་ལས་དེ་མ་རྐང་ཅན་དུ་བསྒྱུར་བའི་ནུས་འཕར་མཐོར་འདེགས་ལ་ཁྲིད་སྟོན་དང་མ་རྐང་ཁྲོམ་ཞུགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།  ཚོང་གཉེར་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་གཏོང་བ་དང་། ཁྲོམ་རར་ཞུགས་ཆོག་གི་ལྡོག་ཕྱོགས་གསལ་ཁྲའི་ལམ་ལུགས་དོ་དམ་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་པ། སྲིད་དོན་ཞབས་ཞུའི་ཁོར་ཡུག་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱེད་པ་དང་། ཁེ་ལས་དང་འབྲེལ་བའི་ཚོང་གཉེར་ཆོག་མཆན་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། གློག་རྡུལ་དཔང་ཡིག་ཉེར་སྤྱོད་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཚོང་གཉེར་གཙོ་གཞིའི་ཕྱིར་འཐེན་རྐྱེན་སྲོལ་ལག་བསྟར་དང་ཚོང་གཉེར་གཙོ་གཞིའི་ཐོ་འགོད་གཞི་གྲངས་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་རེད། ཚོང་གཉེར་གཙོ་གཞིའི་ལུགས་མཐུན་ཆུ་ཚད་མཐོར་འདེགས་གཏོང་བ་དང་། སྤུས་ཚད་རྨང་གཞིའི་ནུས་པ་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ། ཡིད་རྟོན་མ་ལག་འཛུགས་སྐྲུན་གཏིང་ཟབ་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་སྔར་ལས་ཚད་ལྡན་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། ཚོང་གཉེར་གཙོ་གཞིའི་གསར་གཏོད་དང་འགྲན་རྩོད་ནུས་པར་ཤུགས་སྣོན་པ་དང་། ཚན་རྩལ་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ། ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། འགྲན་རྩོད་སྲིད་ཇུས་ལག་བསྟར་བྱེད་པར་ཤུགས་སྣོན་པ། གཞི་གྲངས་ཅན་གྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ། སྲིད་གཞུང་གི་ཉོ་སྒྲུབ་དང་ཚོང་འགུག་དངུལ་འདྲེན་ལམ་ལུགས་འཐུས་ཚང་དུ་བཏང་ནས། ས་ཁུལ་གྱི་སྲུང་སྐྱོབ་དང་ཁུལ་ཁོངས་ཀྱི་བཀག་རྒྱ་གཏོར་རྒྱུ་རེད།  ཚོང་གཉེར་གཙོ་གཞིའི་སྤུས་འདེགས་ནུས་མཐོར་རོགས་ཤུགས་འདོན་པ་དང་། ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྦྱིན་པའི་འགུལ་སྐྱོད་རྒྱུན་མཐུད་སྒོས་སྤེལ་བ། ཁེ་ལས་ལ་ཕན་པའི་སྲིད་ཇུས་གནད་འཁེལ་ལག་བསྟར་རྐྱེན་སྲོལ་དོན་འཁྱོལ་བྱེད་པ་དང་།  ཁེ་ལས་དང་འབྲེལ་བའི་དངུལ་བསྡུ་བཅོས་སྐྱོང་ལ་ཤུགས་སྣོན་པ། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ནས། སྤྱི་སྤྱོད་ཞབས་ཞུའི་སྤུས་ཚད་ཚད་ལྡན་མཐོར་འདེགས་གཏོང་བ་དང་སྲིད་འཛིན་ཁྲིམས་བསྟར་བྱ་སྤྱོད་ཚད་ལྡན་ནན་མོ་གཏོང་རྒྱུ་རེད།  ཚོང་གཉེར་གཙོ་གཞིས་སྤྱི་ཚོགས་འགན་འཁྲི་ཁུར་བར་ཁྲིད་སྟོན་བྱེད་པ་དང་། ལས་ཞུགས་འདོན་སྤྲོད་བྱེད་ཚད་རྒྱུན་མཐུད་སྒོས་ཇེ་ཆེར་བཏང་སྟེ། ཚོང་གཉེར་གཙོ་གཞི་སྤྱི་ཚོགས་བཅོས་སྐྱོང་ལ་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱེད་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།