མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
2024.04.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚྭ་མཚོའི་ཐོན་ལས་སྐྱེད་སྲིང་དང་ཚན་རྩལ་ནུས་འདོན། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་སོགས་བྱ་བ་གཙོ་བོར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། ལས་འགན་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱས་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བརྟན་བརླིང་ངང་འཛུགས་སྐྲུན་བྱས། ཟླ་དང་པོ་ནས་ཟླ་གསུམ་པའི་བར་དུ། ཞིང་ཆེན་ཡོངས་སུ་གཙོ་གནད་ཐོན་རྫས་ཅཱ་ལུད་དང་ཐཱན་སྐྱུར་ལིས། ལྕགས་རིགས་ལིས་བཅས་སོ་སོར་ཏུན་ས་ཡ་གཅིག་དང་འབུམ་བཞི་ཁྲི་དགུ་སྟོང་གཉིས་དང་། ཏུན་ཁྲི་གསུམ་དང་སྟོང་བཞི། ཏུན་བརྒྱ་དང་སོ་ལྔ་ཐོན་སྐྱེད་བྱས་ལ། སོ་སོར་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཐིག་དང་གྲངས་ཆུང་བདུན་དང་བརྒྱ་ཆའི་ང་དགུ་དང་གྲངས་ཆུང་དགུ། བརྒྱ་ཆའི་གྱ་དྲུག་དང་གྲངས་ཆུང་དྲུག་བཅས་འཕར་སྣོན་བྱུང་ཡོད།

འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་པའི་ཕྱོགས་ནས། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འཆར་འགོད་དང་ན་གོར་མོའི་ཚྭ་མཚོའི་ལྗང་མདོག་ཐོན་ལས་ར་བའི་ཁུལ་གྱི་སྤྱིའི་འཆར་འགོད་རྩ་གནད་ཀྱི་འཆར་ཟིན་བཀོད་པ་དང་། ཐོན་ལས་འཕེལ་རྒྱས་ཕྱོགས་ནས། ཞིང་ཆེན་དང་པུའུ་ཡིས་མཚོ་སྔོན་གྱི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མཉམ་འཛུགས་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་དང་ཡུལ་དངོས་རྟོག་ཞིབ་བྱ་འགུལ་གྱི་ཇུས་གཞི་དང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི2024ལོའི་བྱ་བའི་གཙོ་གནད་ཀྱི་འཆར་ཟིན་བཀོད་པར་མ་ཟད་། ཞིང་ཆེན་དང་པུའུ་མཉམ་འཛུགས་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བར་གྲ་སྒྲིག་བྱས། ཚད་གཞིའི་སྣེ་ཁྲིད་ལ་ཤུགས་སྣོན་པའི་ཕྱོགས་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་ཚད་གཞི་མ་ལག་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞིའི་འཆར་ཟིན་བཀོད་པ་དང་། ཉེ་དུས་ཅཱ་ལུད་ཐོན་སྐྱེད་ཐད་ཀྱི་གཏེར་བཀོལ་སྤུང་གསོག་དང་སྔོག་འདོན་ལག་རྩལ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ས་གནས་དང་ཁེ་ལས་ཀྱི་ཚད་གཞི་ཉི་ཤུ་གཏན་འབེབས་བྱས།

དེ་དང་མཉམ་དུ། མཚོ་སྔོན་སློབ་ཆེན་གྱི་སྟེགས་བུ་གཉིས་དང་སློབ་གླིང་གཅིག ལྟེ་གནས་གཉིས་རྒྱུན་མཐུད་ངང་འཛུགས་སྐྲུན་བྱས་པ་དང་། རྒྱལ་ཁབ་ཀྱི་ཚྭ་མཚོའི་ཐོན་ཁུངས་ལྗང་མདོག་རིན་མཐོའི་བེད་སྤྱོད་ཀྱི་ཚོད་ལྟ་ཁབ་གཙོ་བོ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ལ། ཚོད་ལྟ་ཁང་རིག་གཞུང་ཨུ་ཡོན་ལྷན་ཁང་དང་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས།

རིན་ཆེན་མཚོས་བསྒྱུར།