མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས།
2024.04.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་སྔོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཏང་གི་སྒྲིག་ལམ་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས།

དཔེ་ཀློག་འཛིན་གྲྭས་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་དམ་དུ་དམིགས་ནས། རྣམ་པ་སྣ་མང་བརྒྱུད་དེ་ཞིབ་ཀློག་རྒྱུས་ལོན་བྱས་པ་དང་། ཏང་ཡོན་དང་ལས་བྱེད་པས་རང་ཉིད་དེའི་ཁྲོད་འཇོག་པ་དང་བྱ་བ་དེའི་ཁྲོད་འཇོག་པ། འགན་འཁྲི་དེའི་ཁྲོད་འཇོག་པར་སྣེ་ཁྲིད་བྱས་ལ། གྲུབ་འབྲས་གླེང་བ་དང་གནད་དོན་ལ་ཞིབ་བཤེར་བྱས་པ་དང་། གནས་ཚུལ་ལ་དབྱེ་ཞིབ་ཟབ་མོ་བྱས་ཤིང་བསམ་ཕྱོགས་ཇེ་གསལ་དུ་བཏང་བ་དང་གྲོས་གཞི་བཏོན།

ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་དཔེ་ཀློག་འཛིན་གྲྭས་བླངས་པའི་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གི་ལས་འགན་གཙོ་བོ་སྤུས་ཚད་མཐོན་པོས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན་པ་དང་། སློབ་སྦྱོང་གི་གཙོ་གནད་ཁོང་དུ་ཆུད་པར་བྱེད་པ་དང་། སློབ་སྦྱོང་དང་ཞིབ་སྡུར་ཐད་ནས་ཤུགས་འདོན་པ། དཔེ་ཀློག་འཛིན་གྲྭའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་བཀོལ་སྤྱོད་བྱེད་པ། དངོས་སུ་སློབ་སྦྱོང་དང་ཞིབ་འཇུག རྒྱུས་ལོན་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་བྱ་སྤྱོད་དངོས་སུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། དཔེ་མཚོན་དཔེ་གཞི་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སློབ་དེབ་གསོན་པོ་རུ་བརྩི་བ་དང་། དཔེ་གཞིར་བརྟེན་ནས་ཀུན་སྤྱོད་གླེང་བ་དང་དཔེ་གཞིར་བརྟེན་ནས་སྒྲིག་ཁྲིམས་གླེང་བ། དཔེ་གཞིར་བརྟེན་ནས་བཅའ་ཁྲིམས་གླེང་བ། དཔེ་གཞིར་བརྟེན་ནས་འགན་འཁྲི་གླེང་བ། ཏང་ཡོན་དང་ལས་བྱེད་པས་བསམ་གཞིགས་ཟབ་མོ་གཏོང་བ་དང་ཤན་སྦྱར་གཟིགས་ཞིབ་བྱེད་པར་སྣེ་ཁྲིད་བྱེད་པ། ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པའི་ཁྲོད་ཀྱི་སྒྲིག་ཁྲིམས་བརྟན་པོའི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པར་མ་ཟད། རང་རྟོགས་སྒོས་ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་བྱེད་དགོས་པའི་རེ་བ་ལྟར། རང་འགན་ལ་རྐང་འཛུགས་པ་དང་བྱ་བ་ནན་མོར་བསྒྲུབ་རྒྱུ་ཡིན་པ་དང་། སྲོལ་ཡིག་སློབ་སྦྱོང་བྱེད་པའི་གོ་རིམ་དེ་མི་འདང་ས་འཚོལ་བ་དང་གནད་དོན་ཐག་གཅོད་པའི་གོ་རིམ་དུ་བརྩི་བ་དང་། བྱ་བའི་གནས་ཚུལ་ལ་དངོས་ལ་དམ་དུ་དམིགས་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་ཟུང་འབྲེལ་བྱེད་པ། རང་སྡེ་ཁག་གིས་འགན་སྒྲུབ་ཕྱིར་འདོན་བྱས་པའི་འབྲེལ་ཡོད་ལམ་ལུགས་དང་གཏན་ཁེལ་ལ་དབྱེ་ཞིབ་ནན་མོ་བྱེད་པ། གཅིག་བསྡུས་སྒོས་ཉམས་ཞན་ས་དང་གནད་དོན་གཙོ་བོར་གྲལ་བཤེར་བྱས་ཏེ། དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་གཏན་འབེབས་བྱེད་པ་དང་། རྗེས་འདེད་དང་ཕན་འབྲས་བརྩོན་ལེན་བྱེད་པར་རྒྱུན་མཐུད་ངང་ཤུགས་སྣོན་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།