མཚོ་ཤར་གྲོང་ཁྱེར་གྱི་གནོད་རྗེས་སླར་གསོ་བསྐྱར་འཛུགས་ཀྱི་རྣམ་གྲངས་ཐོག་མ་ལེགས་འགྲུབ་བྱུང་།
2024.04.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 1

མཚོ་ཤར་གྲོང་ཁྱེར་གྱི་གནོད་རྗེས་སླར་གསོ་བསྐྱར་འཛུགས་ཀྱི་རྣམ་གྲངས་ཐོག་མ་ལེགས་འགྲུབ་བྱུང་།

ཟླ4པའི་ཚེས23ཉིན། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་ཆིན་ཧྲོས་ཡུལ་ཚོའི་ཏ་ཟི་ཀུའུ་སློབ་ཆུང་གི་བཟོ་སྐྲུན་ལེགས་འགྲུབ་བྱུང་ཏེ། མཚོ་ཤར་གྲོང་ཁྱེར་གྱི་གནོད་རྗེས་སླར་གསོ་བསྐྱར་འཛུགས་ཀྱི་ལེགས་འགྲུབ་བྱུང་བའི་རྣམ་གྲངས་ཐོག་མར་གྱུར།

ཆིན་ཧྲོས་ཡུལ་ཚོའི་ཏ་ཟི་ཀུའུ་སློབ་ཆུང་ནི་ཆ་ཚང་སློབ་ཆུང་ཞིག་ཡིན་ཞིང་། 1926ལོ་བཙུགས་པ་དང་། སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་བདུན་སུམ་བརྒྱ་ཡོད། སློབ་གྲྭར་སློབ་མ་ཉིས་བརྒྱ་དོན་གསུམ་ཡོད་ལ། འཛིན་གྲྭ་དྲུག་བགོས་ཡོད་པ་དང་། དགེ་བཟོ་པ་བཅུ་བཞི་ཡོད།  ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་གནོད་འཚེའི་ཤུགས་རྐྱེན་ཐེབས་པས་ཆིན་ཧྲོས་ཡུལ་ཚོའི་ཏ་ཟི་ཀུའུ་སློབ་ཆུང་གི་སློབ་ཁྲིད་ཐོག་ཁང་གི་གྱང་ལ་གས་ཆག་ཆེན་པོ་བྱུང་ཞིང་། སློབ་ཁྲིད་སྒྲིག་བཀོད་ལ་ཚད་རིམ་མི་འདྲ་བའི་གཏོར་སྐྱོན་ཐེབས་ཏེ། རྒྱུན་ལྡན་སློབ་གསོ་སློབ་ཁྲིད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས།  འབྲེལ་ཡོད་སྡེ་ཁག་གིས་ལྟ་ཞིབ་བྱས་རྗེས། ཞུན་ཧྭ་རྫོང་གིས་ཟླ3པའི་ཚེས10ཉིན་ནས་བཟུང་སློབ་གྲྭ་དེར་ཉམས་གསོ་བྱས་པ་དང་། རྣམ་གྲངས་ལ་མ་རྩ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཅིག་བཏང་ནས་སློབ་གྲྭའི་ཁང་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་སྟོང་གཅིག་དང་ལྔ་བརྒྱ་བཅུ་གཉིས་ཉམས་གསོ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།  ཞུན་ཧྭ་རྫོང་གི་སློབ་གསོ་ཁོངས་གཏོགས་ཀྱི་གནོད་རྗེས་སླར་གསོ་བསྐྱར་འཛུགས་ཀྱི་རྣམ་གྲངས་ཉེར་བཞི་ཡོད་ཅིང་། སློབ་གྲྭ་སོ་བརྒྱད་དང་ལས་ཁུངས་དོན་བརྒྱད་ལ་འབྲེལ་ཞིང་། ཁྱོན་བསྡོམས་མ་རྩ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གཅིག་དང་འབུམ་དགུ་ཁྲི་བདུན་བཏང་། མིག་སྔའི་བར་དུ། གནོད་རྗེས་སླར་གསོ་བསྐྱར་འཛུགས་རྣམ་གྲངས་ཉེར་བཞིའི་ཁྲོད་ཀྱི་རྣམ་གྲངས་གཅིག་ལེགས་འགྲུབ་བྱུང་ཞིང་། རྣམ་གྲངས་བཅུ་དྲུག་ལས་འགོ་བརྩམས་ཡོད་པ་དང་། དྲ་ཐོག་ནས་ཚོང་འགུག་བྱེད་པའི་རྣམ་གྲངས་བདུན་ཡོད་ལ། གནོད་རྗེས་སླར་གསོ་བསྐྱར་འཛུགས་ཀྱི་རྣམ་གྲངས་ཚང་མ་ཕལ་ཆེར་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ཡོངས་སུ་འགྲུབ་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།