རང་ཞིང་གིས་ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་དང་སློབ་གཙོའི་གསོ་སྦྱོང་འཛིན་གྲྭ་བསྡུས།
2024.04.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སློབ་གསོ་ཐིན་གྱིས་བསྡུས་པའི་ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་དང་སློབ་གཙོའི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་དུ་བསྡུས། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་སོ་སོ་ནས་ཡོང་བའི་ཏང་ཨུའི་ཧྲུའུ་ཅི་དང་སློབ་གཙོ། འབྲེལ་ཡོད་མི་སྣ་བཞི་བཅུ་གསོ་སྦྱོང་འཛིན་གྲྭར་ཞུགས།

གསོ་སྦྱོང་འཛིན་གྲྭས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐོ་རིམ་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བྱ་བའི་རེ་བ་དོན་འཁྱོལ་ནན་མོ་བྱས་ཤིང་། བསླབ་ནས་ལས་ལ་སྐུལ་བ་དང་བསླབ་ནས་ནུས་པ་བཏོན་ནས། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སློབ་གསོ་ཐིནགྱིས་གསོ་སྦྱོང་གི་བརྗོད་དོན་ལ་དམ་དུ་དམིགས་པ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱས་ཏེ། སློབ་མ་ཚོར་སྤུས་ཚད་མཐོ་བའི་ཆེད་དོན་སློབ་ཁྲིད་རབ་དང་རིམ་པ་བཀོད་སྒྲིག་བྱས་པ་དང་། སློབ་གླིང་གི་ཆེད་ཞུ་དགེ་རྒན་ཆེན་མོ་བ་དང་མིང་དུ་གྲགས་པའི་ཆེད་མཁས་པ་དང་རིག་གནས་གདན་ཞུ་བྱས་ནས་རྒྱལ་སྤྱིའི་མིག་རྒྱ་གཞི་རྩ་རུ་བྱས་པའི་འདུ་ཤེས་འཛིན་སྟངས་ཀྱི་འགྲན་རྩོད་དང་འཐབ་ཇུས་ཀྱི་ངེས་ཤུགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་བྱེད་པ། གོ་དོན་ཁོང་དུ་ཆུད་པར་བྱེད་པ་དང་དངོས་ཐོག་བདེན་འཚོལ་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་གྲྭའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱོད་བརྟེན་མི་སྐྱོང་གི་རྩ་བའི་ལས་འགན་ལག་བསྟར་བྱས་ནས། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་དྲང་སྲུང་གསར་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་བྱས་ཏེ། དུས་རབས་གསར་བའི་མཐོ་རིམ་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ལྗང་མདོག་རྩིས་ནུས་དང་ཀྲུང་གོ་གུང་ཁྲན་ཏང་གི་མཐོ་རིམ་སློབ་གྲྭ་དཀྱུས་མའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་ལ་འགྲེལ་ཀློག་བྱེད་པ་སོགས་ཀྱི་སློབ་ཁྲིད་བྱས་ནས། སློབ་མའི་ཏང་འཛུགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། འགན་སྒྲུབ་ནུས་པ་མཐོར་དེགས་བཏང་སྟེ། དུས་རབས་གསར་བའི་མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་དང་བསམ་བློ་ཆབ་སྲིད་སློབ་གསོའི་བྱ་བ་བཟང་བོར་སྒྲུབ་པར་རོགས་རམ་བྱས།

གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན་ལྔ་ཡིན་པ་དང་། ཕྱོགས་བསྡུས་སྒོས་བརྙན་རིས་སློབ་ཁྲིད་དང་ཆེད་དོན་འཆད་ཁྲིད། ཡུལ་དངོས་སློབ་ཁྲིད། ཚན་ཆུང་བགོས་ནས་བགྲོ་གླེང་བྱེད་པ། སྒྲོག་འགྲེལ་སྙན་ཞུ་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་དེ། སློབ་མ་ཚོས་སློབ་སྦྱོང་བྱེད་ཞོར་དང་བསམ་གཞིགས་གཏོང་བ་དང་། གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།