མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་ཉེར་ལྔ་དང་མི་སྒེར་བཅོ་བརྒྱད་ལ་རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཐོབ།
2024.04.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སྐབས་བརྒྱ་དང་སོ་བཞི་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་ཚོགས་ཆེན་བསྡུས་ནས2024ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་བཟོ་བ་གདོང་ལེན་རྟགས་མའི་མཚན་སྙན་ཐོབ་མཁན་ལ་གཟེངས་བསྟོད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་ཉེར་ལྔ་དང་མི་སྒེར་བཅོ་བརྒྱད་ལ་གཟེངས་བསྟོད་ཐོབ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཆོད་དོན་བསྒྲགས་ནས། 2024ལོའི་མཚོ་སྔོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་དང་མཚོ་སྔོན་མཐོ་སྒང་གི་བཟོ་བ་གདོང་ལེན་རྟགས་མའི་མཚན་སྙན་ཐོབ་མཁན་ལ་གཟེངས་བསྟོད་བྱས་པ་དང་། ཐུན་མོང་ལྔ་བཅུ་དང་མི་སྒེར་ཉི་ཤུ་ལ་གཟེངས་བསྟོད་ཐོབ།

2023ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་ཟབ་ཞུགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་པ་དང་། ངལ་རྩོལ་གཟི་བརྗིད་ཆེ་བ་དང་བཟོ་བ་རླབས་ཆེ་བའི་དུས་རབས་ཀྱི་དབྱངས་རྟ་གཙོ་བསྒྲགས་ལ། སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་སྐོར་ཞིག་བྱས་པ་དང་། བཟོ་བའི་གྲལ་རིམ་གྱི་གཙོ་ཤུགས་དམག་གི་ནུས་པ་མངོན་པར་བྱས། ཐེངས་འདིའི་མཚོ་སྔོན་ཞིང་ཆེན་མེ་འགོག་མྱུར་སྐྱོབ་སྤྱིའི་རུ་ཁག་དང་མཚོ་སྔོན་གློག་རྡུལ་རྒྱུ་ཆས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་གཉིས་ལ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་པ་དང་། ཀྲང་ཅིན་མེ་སོགས་མི་སྒེར་ལ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུའི་འགོ་ཁུངས་ར་བའི་ཁུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ཡོན་ལྷན་ཁང་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སོགས་ཐོན་མོང་བཅུ་གཅིག་ལ་རྒྱལ་ཡོངས་བཟོ་བའི་གདོང་ལེན་རྟགས་མའི་མཚན་སྙན་ཐོབ། ཝིན་ཆང་སོགས་མི་སྒེར་བརྒྱད་ཀྱིས་ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་རྒུད་སྐྱོབ་གནོད་སྐྱོབ་བྱ་བའི་ཁྲོད་ལག་རྗེས་བཞག་ནས་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ། མཚོ་སྔོན་ཞིང་ཆེན་མེ་འགོག་མྱུར་སྐྱོབ་སྤྱིའི་རུ་ཁག་སྦྱོང་བརྡར་དང་དམག་འཐབ་ལས་རེས་འགན་སྲུང་ཡན་ལག་རུ་ཁག་འཕྲལ་སྒྲུབ་ཚན་ཁག་སོགས་ཐུན་མོང་བཅུ་གཉིས་རྒྱལ་ཡོངས་བཟོ་བའི་གདོང་ལེན་པའི་མཚན་སྙན་ཐོབ།

ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་སྐྲུན་པའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྔོན་ཐོན་དཔེ་ལེགས་ཅན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། སྤྱིའི་བཟོ་ཚོགས་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཐེན་ཧི་ཉི་འོད་ནུས་པའི་ཉི་གློག་ཚད་ཡོད་ཀུང་ཟི་སོགས་སྡེ་ཁག་བཅུ་ལ་མཚོ་སྔོན་ཞིང་ཆེན་ལྔ་གཅིག་ངལ་རྩོལ་བྱ་དགའ་སྟེར་རྒྱུ་ཐག་བཅད་པ་དང་། ཀྲིན་སུང་སོགས་མི་སྒེར་ཉི་ཤུ་ལ་མཚོ་སྔོན་ཞིང་ཆེན་ལྔ་གཅིག་ངལ་རྩོལ་བྱ་དགའ་བྱིན། ཀྲུང་ཧྥུའུ་ཧྲིན་དབྱིན་ཐཱན་ཚི་སྣའི་ཟི་ལིང་ཚད་ཡོད་ཀུང་ཟི་འཁོར་ཁང་བཞི་པའི་ཚན་ཁག་ཀ་བ་སོགས་ཐུན་མོང་བཞི་བཅུ་ལ་མཚོ་སྔོན་མཐོ་སྒང་གི་བཟོ་བའི་གདོང་ལེན་པའི་མཚན་སྙན་ཐོབ།

རིན་ཆེན་མཚོས་བསྒྱུར།