མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཕན་གློག་བརྙན་དོ་དམ་བྱ་བའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་མགོ་བརྩམས།
2024.05.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བཞི་པའི་ཚེས་ཉེར་དགུ་ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་གློག་བརྙན་འགྲེམ་སྤེལ་ཚད་ཡོད་ཀུང་སིས་སྒྲུབ་འགན་ཁུར་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཕན་གློག་བརྙན་དོ་དམ་བྱ་བའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་སྒྲུབ་མགོ་བརྩམས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་དྲིལ་སྒྲོག་པུའུ་ཡི་བྱ་བའི་མི་སྣ་དང་གཞི་རིམ་གྱི་གློག་བརྙན་སྟོན་པའི་མི་སྣ་སོགས་མི་ཉིས་བརྒྱ་བདུན་ཅུ་ལྷག་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་ཁྲོད། འབྲེལ་ཡོད་མགོ་ཁྲིད་དང་ཆེད་མཁས་པས་སྤྱི་ཕན་གློག་བརྙན་སྟོན་པ་ལེགས་སྒྱུར་རིམ་སྤོར་བྱས་ནས་སྡེ་བའི་སྤྱི་ཕན་གློག་བརྙན་ཁང་གི་ས་གནས་འདེམས་པ་དང་འཛུགས་སྐྲུན་བྱེད་པ། དུས་རིམ་རྗེས་མའི་རྒྱ་བསྐྱེད་བཅས་རོང་འབྲོག་ཁུལ་གྱི་གློག་བརྙན་གྱི་སྦྲེལ་སྣེ་གསར་བའི་སྒྲིག་ཆས་དང་སྲུང་སྐྱོང་། ཞིག་གསོ་སོགས་ཕྱོགས་མང་པོ་དང་རིམ་པ་མང་པོ་ནས་མཉམ་སྤྱོད་བྱས། གསོ་སྦྱོང་སྟེང2023ལོའི་ཞིང་ཆེན་ཡོངས་ཀྱི་སྤྱི་ཕན་གློག་བརྙན་སྟོན་པའི་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། 2023ལོའི་ཕུལ་བྱུང་གློག་བརྙན་སྟོན་མཁན་དང་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཕན་གློག་བརྙན་དོ་དམ་བྱ་བའི་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་བྱས། རྨ་ཆེན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཕུལ་བྱུང་གློག་བརྙན་སྟོན་མཁན་གྱི་འཐུས་མིས་བརྗེས་རེས་གཏམ་བཤད་སྤེལ།  མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཕན་གློག་བརྙན་དོ་དམ་བྱ་བས་ཏང་དང་སྲིད་གཞུང་གི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་གློག་བརྙན་ལས་རིགས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་བཞག ལོ་ཧྲིལ་བོར་ཁྱོན་སྡོམ་གློག་བརྙན་ཐེངས་དྲུག་ཁྲི་བདུན་སྟོང་ལྷག་བསྟན་པ་དང་མང་ཚོགས་ས་ཡ་གཅིག་ལྷག་ལ་ཕན་ཁེ་བསྐྲུན།

ཚོགས་ཞུགས་མི་སྣ་རྣམས་ཀྱིས་བསྟན་དོན། གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས་པ་བརྒྱུད། རོང་འབྲོག་ཁུལ་གྱི་སྤྱི་ཕན་གློག་བརྙན་སྟོན་པའི་ཐད་སྔར་ལས་འཐུས་ཚང་དང་སྔར་ལས་གཏིང་ཟབ་པའི་ངོས་ཟིན་ཐོབ་པར་མ་ཟད། སྤྱོད་སྒོ་ཧ་ཅང་ཆེ་བའི་བྱེད་ཐབས་མང་པོ་བསླབ་པ་དང་རྗེས་ཕྱོགས་གློག་བརྙན་སྟོན་པའི་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་ཟེར།