ཉེ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཞིབ་འཇུག་བྱས་ཏེ་ཁུལ་དང་རྫོང་གི་ཏང་ཨུའི་ཧྲུའུ་ཅིས་ཚོགས་ཁག་རྣམ་པའི་མཚོ་སྔོན་རོགས་སྐྱོར་བྱ་བའི་ལས་ཡུལ་དང་པོའི་སྤྱིའི་བཀོད་འདོམ་པའི་འགན་འཁྲིའི་གསལ་ཁྲ་གཏན་འབེབས་བྱས་ཤིང་། འགན་འཁྲིའི་གསལ་ཁྲ་ཡིས་ཁུལ་དྲུག་དང་དེའི་ཁོངས་གཏོགས་ཀྱི་རྫོང་དང་གྲོང་ཁྱེར་གྱི་ཏང་ཨུའུ་ཧྲུའུ་ཅིས་བྱ་བའི་འགན་འཁྲི་ཁུར་དུ་བླངས་ནས་བྱ་སྤྱོད་སྟེང་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་།
གསལ་ཁྲ་ལས་ཁུལ་དང་རྫོང་། གྲོང་ཁྱེར་བཅས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཡིས་ཚོགས་ཁག་རྣམ་པའི་མཚོ་སྔོན་རོགས་སྐྱོར་བྱ་བའི་ལས་ཡུལ་དང་པོའི་སྤྱིའི་བཀོད་འདོམ་པའི་འགན་འཁྲི་ལག་བསྟར་བྱེད་པ་དང་། ཁུལ་དང་རྫོང་། གྲོང་ཁྱེར་བཅས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚོགས་ཁག་རྣམ་པའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱེད་པར་མགོ་འཛིན་བྱས་ནས། ཁུལ་དང་རྫོང་། གྲོང་ཁྱེར་རང་གི་ལོ་ཧྲིལ་བོའི་བྱ་བའི་འཆར་གཞི་གཏན་འབེབས་བྱས་ནས་དུས་ལྟར་ཉམས་མྱོང་སྤྱི་བསྡོམས་བྱེད་དགོས་ལ། ཁུལ་དང་རྫོང་། གྲོང་ཁྱེར་བཅས་ཀྱི་ཏང་ཨུས་ཚོགས་ཁག་རྣམ་པའི་མཚོ་སྔོན་རོགས་སྐྱོར་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཁུལ་དང་རྫོང་། གྲོང་ཁྱེར་བཅས་ཀྱི་མགོ་ཁྲིད་པས་ཐད་ཀར་དུ་འབྲེལ་གཏུག་ཞབས་ཞུ་བྱེད་པའི་ཚོགས་ཁག་རྣམ་པའི་རོགས་སྐྱོར་ཆེད་མཁས་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་། རོགས་སྐྱོར་རུ་ཁག་གཅིག་ལ་མ་མཐའ་ཡང་ཏང་སྲིད་མགོ་ཁྲིད་ཚན་ཁག་གི་ཁོངས་མི་གཅིག་གིས་འབྲེལ་གཏུག་བྱེད་པར་འགན་སྲུང་བྱས་ཏེ། དུས་རྒྱུན་དུ་གནས་ཚུལ་རྒྱུས་ལོན་དང་བྱ་བ་དང་འཚོ་བར་སེམས་ཁུར་བྱས་ནས། དོན་དངོས་དཀའ་ཁག་དང་གནད་དོན་ཐག་གཅོད་བྱེད་པར་རོགས་རམ་བྱེད་དགོས། འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣའི་བསྡུ་ལེན་དང་ལས་ཐོབ་ཀྱི་དཔྱད་འདེམ། འགན་དོན་དང་འགན་མི་སོགས་ཀྱི་རིམ་འཕར་ཐད་ལ་ཚོགས་ཁག་རྣམ་པའི་རོགས་སྐྱོར་ཐོབ་པའི་ལས་ཁུངས་ལ་སྔར་ལས་མང་བའི་རང་བདག་དབང་ཆ་སྩོལ་བར་སྐུལ་འདེད་གཏོང་དགོས།
གསལ་ཁྲ་ལས་ཕུལ་བྱུང་ལས་བྱེད་པ་བདམས་མངག་བྱས་ནས་རོགས་སྐྱོར་ཐོབ་པའི་སྨན་ཁང་དང་སློབ་གྲྭའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་ཁུར་དུ་འཇུག་པ་དང་། ཁུལ་དང་རྫོང་། གྲོང་ཁྱེར་བཅས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཡིས་ཚོགས་ཁག་རྣམ་པའི་མཚོ་སྔོན་རོགས་སྐྱོར་བྱ་བའི་ཁྲིད་སྟོན་བྱ་བ་དངོས་སུ་དམ་འཛིན་བྱས་ཏེ། རོགས་སྐྱོར་ཐོབ་པའི་ལས་ཁུངས་ཀྱི་ཡུལ་དངོས་རྟོག་ཞིབ་དེ་ཀུན་ལ་ཁྱབ་པར་བྱས་ནས། མི་གྲངས་དང་གཞི་རྩའི་གནས་ཚུལ་གསལ་བོ་ཡོང་བར་བྱེད་དགོས། ཤུགས་ཆེན་པོས་ཚོགས་ཁག་རྣམ་པའི་མཚོ་སྔོན་རོགས་སྐྱོར་བྱ་བའི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་ནས། རིགས་སྣ་ཚོགས་ཀྱི་མ་དངུལ་ལ་ལྟ་རྟོག་དོ་དམ་ནན་མོ་བྱས་ནས་ཆེད་དངུལ་ཆེད་སྤྱོད་ལ་འགན་སྲུང་བྱེད་དགོས། དོ་དམ་ནན་མོ་དང་གཅེས་སྐྱོང་ཟུང་འབྲེལ་དང་། སྐུལ་ལྕག་དང་ཚོད་འཛིན་མཉམ་འཛིན་བྱས་ཏེ། རོགས་སྐྱོར་ཚོགས་པའི་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་དང་ཉིན་རྒྱུན་གྱི་དོ་དམ་བྱ་བའི་རེ་བ་དངོས་འབེབས་གང་ལེགས་བྱེད་པ་དང་། གཞུང་ལས་ཁང་དང་ཟ་ཁང་། མལ་ཁང་། འགྲིམ་འགྲུལ་འགྲོ་འོང་སོགས་ཐད་ནས་རོགས་སྐྱོར་ཚོགས་པར་དགོས་ངེས་ཀྱི་འགན་སྲུང་དང་སྟབས་བདེ་འདོན་སྤྲོད་བྱེད་དགོས་ལ། གཏན་འཁེལ་ལྟར་བྱ་བ་སྣ་ཚོགས་ཀྱི་ཐོབ་ཐང་སྲིད་ཇུས་དངོས་འབེབས་བྱས་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མི་དག་སེམས་བདེ་མོས་མཚོ་སྔོན་དུ་རྐང་འཛུགས་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།