མཚོ་སྔོན་གྱིས་སློབ་གསོའི་ཁོངས་གཏོགས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་སྒྲོག་འགྲེལ་བྱ་བ་སྤེལ།
2024.05.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ4པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོའི་ཁོངས་གཏོགས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། རང་རེའི་ཞིང་ཆེན་གྱི་སློབ་གསོའི་ཁོངས་གཏོགས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་སྒྲོག་འགྲེལ་ལས་དོན་དངོས་སུ་སྤེལ་འགོ་ཚུགས།

སློབ་གསོའི་ཁོངས་གཏོགས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་སྒྲོག་འགྲེལ་བྱ་བ་སྤེལ་བ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོའི་མཚོ་སྔོན་གྱི་དཔེ་མཚོན་བསྐྲུན་པའི་བྱེད་སྒོ་གལ་ཆེན་ཞིག་རེད། སྒྲོག་འགྲེལ་བྱ་བ་ཏན་ཏིག་ངང་ཡག་པོར་སྒྲུབ་ཆེད་ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་སློབ་གསོའི་ཁོངས་གཏོགས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་སྒྲོག་འགྲེལ་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་བྱ་བའི་ཇུས་གཞི་པར་འགྲེམས་བྱས་པ་དང་། ལས་འགན་གལ་ཆེན་གསལ་བོར་བཏོན་ལ། བྱ་བའི་ལས་འགན་གསལ་བོར་བཟོས་ནས་དྲིལ་སྒྲོག་བྱ་བ་ཁག་སོ་སོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་འགན་སྲུང་བྱས།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་ལས་ཁུངས། རིམ་པ་དང་རིགས་སོ་སོའི་སློབ་གྲྭ་བཅས་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་བ། ལག་ལེན་གྱི་ནུས་པ་ཆེ་བ། ཆེད་ལས་ཀྱི་ཤེས་རྒྱ་ཆེ་བ་བཅས་ཀྱི་ཏང་སྲིད་ལས་བྱེད་པ་དང་ཚན་རིག་ཞིབ་འཇུག་གི་ཆེད་མཁས་པ། འཐབ་ཕྱོགས་དང་པོའི་དགེ་རྒན་བཅས་མི30གདམ་གསེས་བྱས་ནས་སྤུས་ཚད་མཐོ་བའི་སྒྲོག་འགྲེལ་ཚོགས་པ་ཞིག་བཙུགས། སྒྲོག་འགྲེལ་ཚོགས་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ལྟེ་བའི་ནང་དོན་དང་དགོངས་དོན་གྱི་ངོ་བོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་ནས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སློབ་གྲྭ་ཁག་ཏུ་རྒྱ་ཆེའི་དགེ་སློབ་ཚོར་རིམ་པ་འབྱེད་པ་དང་བརྗོད་དོན་བགར་བ། ཁ་གཏད་མི་སྣ་བགོ་བ། ཁྱོན་ཡོངས་ལ་ཁེབས་པ་བཅས་ཀྱི་སྒྲོག་འགྲེལ་བཟང་པོ་བྱེད་རྒྱུ་རེད།

ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་སློབ་གསོ་ཐིན་གྱིས་སྒྲོག་འགྲེལ་གྱི་བརྗོད་བྱ་གཙོ་བོ་དང་ནང་དོན། བྱེད་ཐབས། ཁ་གཏད་མི་སྣ། དེ་བཞིན་མཉམ་སྡེབ་སྒོས་སློབ་ཁྲིད་གྲ་སྒྲིག་དང་ཁྲིད་བཤད། ཚོད་ལྟ་བྱེད་པ་སོགས་ཀྱི་བྱ་བར་སླར་ཡང་བཀོད་སྒྲིག་དང་སླར་ཡང་ནན་བཤད། སླར་ཡང་ཞིབ་ཕྲར་བཏང་བར་མ་ཟད། སྒྲོག་འགྲེལ་ཚོགས་པར་སྣེ་ཁྲིད་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་གོ་བ་གཏིང་ཟབ་ལེན་པར་རྐང་བཙུགས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས་བྱ་བའི་བླང་བྱ་འབུར་དུ་ཐོན་པར་བྱས་ནས་བསླབ་རིམ་མི་གཅིག་པ་དང་ཚོགས་སྤྱི་མི་འདྲ་བར་དམིགས་ནས་དམིགས་བྱ་ཅན་དང་མང་ཚོགས་ཅན། མཉམ་འགུལ་རྣམ་པ་བཅས་ཀྱི་སྒྲོག་འགྲེལ་བྱས་ཏེ། རྒྱ་ཆེའི་དགེ་སློབ་ཀྱིས་ཐུན་མོང་གི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་། རང་རྟོགས་ཀྱིས་དུས་རབས་གསར་པའི་འགན་འཁྲི་འཁུར་སེམས་དེ་ལས་སྒྲུབ་ལས་སྐྲུན་གྱི་བྱ་སྤྱོད་དངོས་སུ་བསྒྱུར་བར་ཁྲིད་སྟོན་བྱས་ཏེ། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་བསྐྱོད་དེ། མཚོ་སྔོན་ལ་རྒྱུས་མངའ་ཡོད་པ་དང་མཚོ་སྔོན་ལ་དགའ་ཞེན་ཡོད་པ། མཚོ་སྔོན་དར་རྒྱས་སུ་གཏོང་བ་བཅས་ཀྱི་ལག་ལེན་པ་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སློབ་གསོའི་སྟོབས་ཤུགས་འབུལ་བར་ཁྲིད་སྟོན་བྱ་རྒྱུ་རེད།

སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཚད་མཐོའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཀྱིས་སྒྲོག་འགྲེལ་བྱ་བ་ཡག་པོར་བསྒྲུབ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད།