ཟླ4པའི་ཚེས28ཉིན། 2024ལོའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་གཉེར་ཁེ་ལས་ཞབས་ཞུའི་བྱེད་སྒོ་དེ་ནུབ་མཚོ་གྲོང་རྡལ221རིག་གནས་ཐང་ཆེན་ནས་དངོས་སུ་སྤེལ་མགོ་བརྩམས་ལ། དེས་ད་ལོའི་མཚོ་བྱང་གི་དམངས་གཉེར་ཁེ་ལས་ཞབས་ཞུ་ཟླ་བའི་འབྲེལ་ཡོད་བྱེད་སྒོ་མགོ་བརྩམས་པ་མཚོན།
ཐེངས་འདིའི་བྱེད་སྒོས་དམངས་གཉེར་ཁེ་ལས་གླེང་བ་དང་འབྱུང་འགྱུར་ལ་དམིགས་པ་བརྗོད་དོན་དུ་བྱས་ཏེ། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་འབྲིང་། སྒེར་གྱི་ཁེ་ལས་བཅས་ལ་དམིགས་ནས་མཐོ་རིམ་མཐར་ཕྱིན་སློབ་མ་དང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། དབུལ་ཐར་ངལ་རྩོལ་པ་སོགས་གཙོ་གནད་མང་ཚོགས་ལ་དམིགས་ནས་ལས་གཉེར་རོགས་སྐྱོར་འདོན་སྤྲོད་བྱས། བྱེད་སྒོའི་སྟེང་ཁེ་ལས་ཆུང་འབྲིང་སུམ་ཅུ་དང་ཁུལ་ནང་ཁུལ་གྱི་བཟོ་ལས་ཁེ་ལས་བཅུ་གཅིག་གདན་ཞུ་བྱས་པ་དང་། ཡིག་ཆ་འབྲི་མཁན་དང་ལག་རྩལ་པ་སོགས་ལས་གཉེར་ལས་གནས་སྟོང་དགུ་འདོན་སྤྲོད་བྱས་པ་དང་། ལས་གཉེར་དོན་སྨིན་བྱུང་བའི་མི་ཉིས་བརྒྱ་ཞེ་བརྒྱད་ཡོད།
མི་བསྡུའི་ཡུལ་དངོས་སུ་མཚོ་བྱང་ཁུལ་མི་དོན་ཅུའུ་ཡིས་མི་དོན་བྱ་བ་ཁྱིམ་ཚང་ཁྲི་སྟོང་དུ་སྤེལ་བའི་ཞབས་ཞུའི་བྱེད་སྒོར་སྦྲེལ་ནས་སྲིད་ཇུས་ཞབས་ཞུའི་འདྲི་རྟོག་ཁུལ་བཙུགས་པ་དང་ཞོར་དུ་ཐད་གཏོང་བྱེད་པ་དང་དུས་མཉམ་དུ་དྲ་ལམ་ནས་མི་བསྡུའི་ཞབས་ཞུ་སྤེལ་ནས་ལས་གཉེར་པར་དྲ་ལམ་དང་ཡུལ་དངོས་རྣམ་པ་གཉིས་ཀྱི་ལས་གཉེར་གྱི་ལམ་ཁ་བཏོད་པ་དང་། ལས་གཉེར་ཞབས་ཞུའི་མཉམ་འབྲེལ་དྲ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས། སྡོམ་རྩིས་བྱས་པ་ལྟར་ན། བྱེད་སྒོའི་སྐབས་སུ་མི་ཁྲི་གཅིག་དང་སྟོང་གསུམ་དྲ་ལམ་ཐད་གཏོང་དུ་ཞུགས་ནས་བྱེད་སྒོའི་ཁྲོད་ཟབ་ཞུགས་བྱས།
མཚོ་བྱང་ཁུལ་མི་དོན་ཅུའུ་ཡི་འགན་ཁུར་མི་སྣས་བསྟན་དོན། མཚོ་བྱང་ཁུལ་གྱིས་དམངས་གཉེར་ཁེ་ལས་ཞབས་ཞུ་ལ་ཤུགས་བསྣན་ནས་དམངས་གཉེར་ཁེ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་ངལ་རྩོལ་པའི་སྤུས་ཚད་མཐོ་བའི་ལས་གཉེར་ཐད་མཐུན་རྐྱེན་བསྐྲུན་ཆེད། གཅིག་འདོམས་སྒོས་རིགས་སོ་སོའི་སྤྱི་བའི་ལས་གཉེར་ཞབས་ཞུའི་ཆེད་དོན་བྱེད་སྒོ་སྤེལ་ནས་ཉིན་རེ་རེ་བཞིན་མི་བསྡུ་བ་དང་ཟླ་བ་རེ་རེ་བཞིན་བྱེད་སྒོ་སྤེལ་བ། ཞབས་ཞུ་ནམ་ཡང་ཡོད་པའི་སྤྱི་བའི་ལས་གཉེར་ཞབས་ཞུའི་མ་ལག་བཙུགས་ནས་རིགས་སོ་སོའི་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་ལས་གཉེར་བྱེད་པར་སྐུལ་འདེད་བཏང་བ་ཡིན་ཟེར།
མི་ཕམ་མགོན་པོས་བསྒྱུར།