མཚོ་སྔོན་གྱིས་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཕྱོགས་བསྡུས་བྱེད་ནུས་ལེགས་སྒྱུར་མཐོར་འདེགས་ཀྱི་ལོ་ངོ་གསུམ་གྱི་འགུལ་སྐྱོད་སྤེལ།
2024.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ4པའི་ཚེས30ཉིན། གསར་འགོད་པས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ཉེ་སྔོན་ཞིང་ཆེན་ཡོངས་སུ་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཕྱོགས་བསྡུས་བྱེད་ནུས་ལེགས་སྒྱུར་མཐོར་འདེགས་ཀྱི་ལོ་ངོ་གསུམ་གྱི་འགུལ་སྐྱོད་སྤེལ་བའི་མཛུབ་སྟོན་བསམ་འཆར་པར་འགྲེམ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལེགས་སྒྱུར་མཐོར་འདེགས་ཀྱི་ལོ་ངོ་གསུམ་གྱི་འགུལ་སྐྱོད་ལ་བཀོད་སྒྲིག་བྱས།

མཛུབ་སྟོན་བསམ་འཆར་དེ་རིམ་པ་སོ་སོའི་འགན་འཁྲི་དང་ལས་འགན་གཙོ་བོ། འགུལ་སྐྱོད་ལས་རིམ། བྱ་བའི་རེ་བ་བཅས་ཁག་བཞིར་བགོས་ཡོད་པ་དང་། སྤྱིའི་རེ་བ་དང་དམིགས་འབེན་ལས་འགན་བཏོན་ཡོད་ལ། ལོ་གཅིག་ལ་རྨང་གཞི་འདིང་བ་དང་ལོ་གཉིས་ལ་སྤུས་ནུས་མཐོར་འདེགས་བྱེད་པ། ལོ་གསུམ་ལ་ཚོང་རྟགས་གསར་སྐྲུན་བྱེད་པ་བཅས་ལ་བརྟེན་ནས། རིམ་པ་གསུམ་གྱི་ལྟེ་གནས་ཀྱི་སྲ་ཆས་སྒྲིག་ཆས་ཁ་ཚང་བ་དང་མི་སྣའི་ལུགས་མཐུན་བཀོད་སྒྲིག ཞབས་ཞུའི་མཁོ་འདོན་སྤུས་ཚད་ལེགས་པ། དོ་དམ་ལམ་ལུགས་འཐུས་ཚང་ཡིན་པ་བཅས་མངོན་འགྱུར་བྱས་ཏེ། མ་ལག་གཅིག་འདུས་དང་མཐུན་སྦྱོར་ནུས་མཐོ། སྣ་མང་མཉམ་འབྲེལ། སྤྱིའི་རིག་ནུས་བཅོས་སྐྱོང་བཅས་ཀྱི་བཅོས་སྐྱོང་རྣམ་པ་གསར་པ་གྲུབ་པར་བྱས་ཡོད།

མཛུབ་སྟོན་བསམ་འཆར་ལས་རིམ་པ་སོ་སོའི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་ཡོད་པ་དང་། གྲོང་ཁྱེར་དང་ཁུལ་རིམ་པའི་ལྟེ་གནས་ཀྱིས་གཙོ་བོ་གཅིག་འདོམ་མཐུན་སྦྱོར་འགན་ནུས་འདོན་སྤེལ་བྱེད་པ་དང་། རྫོང་དང་ས་ཁུལ་རིམ་པ་དང་། ཡུལ་ཚོ་དང་གྲོང་རྡལ་རིམ་པའི་ལྟེ་གནས་ཀྱིས་ས་ཚིགས་གཅིག་ཅན་གྱི་ཐག་གཅོད་འགན་འཁྲི་འདོན་སྤེལ་བྱེད་དགོས་ལ། སྡེ་བ་དང་སྡེ་ཁུལ་གྱི་བར་འདུམ་རྩ་འཛུགས་ཀྱིས་འགོག་ཐིག་དང་པོའི་འགན་འཁྲི་འདོན་སྤེལ་བྱེད་དགོས་པར་བྱས་ཡོད། ལས་འགན་གསུམ་གཏན་འཁེལ་གསལ་བོ་བྱས་ནས་རྩ་འཛུགས་ཀྱི་གྲུབ་ཚུལ་ཚད་ལྡན་འབུར་དུ་ཐོན་པ་དང་། ཐག་གཅོད་བྱེད་ཐབས་གེགས་མེད་ཡིན་པ། རོགས་ལས་རྐྱེན་སྲོལ་འཐུས་ཚང་ཡོང་བར་བྱས་ཡོད།

མཛུབ་སྟོན་བསམ་འཆར་དེས་ལས་འགན་གཙོ་བོ་དང་འགུལ་སྐྱོད་ལས་རིམ་ཕྱོགས་གཉིས་ནས་སྔར་ལས་ལྷག་པའི་སྒོ་ནས་ལས་འགན་ཡོངས་འགྲུབ་བྱེད་པའི་དུས་ཚོད་གཏན་འཁེལ་གསལ་བོ་བྱས་པ་དང་། བཀོད་སྒྲིག་ནས་ཡོངས་འགྲུབ། དེ་ནས་སྤུས་ནུས་མཐོར་འདེགས་བར་ཡུན་ཚད་རེ་བ་བཏོན་ནས། འགན་འཁྲི་གཙོ་བོའི་ལས་ཁུངས་གཏན་འཁེལ་གསལ་བོ་བྱས་ཡོད།

འགུལ་སྐྱོད་ལས་རིམ་གྱི་ཡུན་ཚད་ལོ་ངོ་གསུམ་ཡིན་པ་དང་། རྨང་གཞི་འདིང་བ་དང་སྤུས་ནུས་མཐོར་འདེགས། ཚོང་རྟགས་གསར་བསྐྲུན་བཅས་དམིགས་འབེན་དུ་བྱས་ཡོད་ལ། ལམ་ལུགས་རྐྱེན་སྲོལ་དང་མི་སྣའི་དཔུང་སྡེ། ཞབས་ཞུའི་ལས་རིམ། དེ་མིན་རིམ་པ་གསུམ་གྱི་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་གྱི་ཚད་སོགས་ལ་བྱེ་བྲག་གི་དམིགས་ཚད་གཏན་འབེབས་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།