ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་བྱེད་ཐབས་ལྔ་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་ཁྱིམ་ལས་ཞབས་ཞུའི་བྱེད་སྒོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས།
2024.05.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རང་འགུལ་སྒོས་ཞིང་ཆེན་ཁྱིམ་ལས་ཞབས་ཞུའི་བྱེད་སྒོའི་མཐུན་ཚོགས་དང་ཞིང་ཆེན་ནང་ཁུལ་གྱི་ཁྱིམ་ལས་ཀུང་ཟི་སྐོར་ཞིག་ལ་སྦྲེལ་མཐུད་བྱས་པ་དང་། རྟོག་ཞིབ་དང་འབྲེལ་འདྲིས་བརྗེ་རེས་གང་ལེགས་བྱས་པའི་རྨང་གཞིའི་སྟེང་རྩལ་ནུས་འགྲན་སྡུར་དང་འཛད་སྤྱོད་རོགས་སྐྱོར། རྩལ་ནུས་སྦྱོང་བརྡར། ཚོགས་པ་བཙུགས་ནས་དེར་ཞུགས་པ། དཔེ་སྟོན་སྣེ་ཁྲིད་བཅས་དངོས་གཉེར་བྱེད་ཐབས་ལྔ་གཏན་འབེབས་བྱས་ཏེ། རང་ཞིང་གི་ཁྱིམ་ལས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྱིམ་ལས་ཞབས་ཞུའི་བྱེད་སྒོའི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་།  མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་ཁྱིམ་ལས་ཞབས་ཞུའི་བྱེད་སྒོའི་བཟོ་ལས་ལས་རིགས་རྩལ་ནུས་འགྲན་སྡུར་ཇུས་གཞི་ཞིབ་འཇུག་གཏན་འབེབས་བྱས་པ་དང་།  ཟླ8པའི་ཟླ་སྟོད་དུ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནས་མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་ཁྱིམ་ལས་རྩལ་ནུས་འགྲན་སྡུར་ཆེན་མོ་སྤེལ་ནས། མཚོ་སྔོན་གྱི་ཁྱིམ་ལས་ཞབས་ཞུའི་ཚོང་རྟགས་གསར་སྐྲུན་བྱེད་པར་རོགས་འདེགས་བྱེད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་འཛད་སྤྱོད་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས་ཁྱིམ་ལས་ཞབས་ཞུ་ཉོ་བའི་སྐོར་གྱི་བརྡ་ཐོ་པར་འགྲེམ་བྱས་ཤིང་།  ཁྱིམ་ལས་ཞབས་ཞུ་དེ་སྲིད་གཞུང་གིས་དབུལ་ཕོངས་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་ཉོ་བསྡུ་བྱེད་པའི་མ་ལག་ནང་བཞག་པ་དང་། ཆེད་སྤྱོད་མ་དངུལ་བཏང་ནས། ཞིང་ཆེན་གྱི་ཁྱིམ་ལས་ཞབས་ཞུའི་བྱེད་སྒོའི་མཐུན་ཚོགས་སྟེགས་བུ་དང་ཧུའུ་ཀྲུའུ་ཁྱིམ་ལས་སྟེགས་བུའི་འཁོར་རྒྱུག་དང་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱས་ཏེ། དོན་དངོས་བྱ་སྤྱོད་ལས་ཞིང་ཆེན་ཡོངས་ཀྱི་ཁྱིམ་ལས་ཞབས་ཞུའི་སྤུས་འདེགས་རྒྱ་བསྐྱེད་ལ་རོགས་འདེགས་བྱེད་རྒྱུ་རེད།

ཉིས་སྟོང་ཉེར་བཞི་ལོ་ནས་བཟུང་ལོ་རེར་ཆེད་སྤྱོད་མ་དངུལ་འབུམ་གསུམ་བཀོད་སྒྲིག་བྱས་ཏེ། ཁྱིམ་ལས་ཞབས་ཞུའི་བྱེད་སྒོའི་ལས་རིགས་མཐུན་ཚོགས་ཀྱིས་དུས་རིམ་དང་སྐོར་ཐེངས་བགོས་ནས་ཁྱིམ་ལས་གཙང་སྦྲ་མཁན་དང་མ་བུ་གཉོར་སྐྱོང་བྱེད་མཁན། རྒན་པ་གཉོར་སྐྱོང་བྱེད་མཁན་བཅས་རྩ་འཛུགས་བྱས་ནས་གསོ་སྦྱོང་བྱེད་རྒྱུ་ཡིན་པ་དང་། མ་དངུལ་སྒོར་འབུམ་གཉིས་བཏང་ནས་ཁྱིམ་ལས་གསོ་སྦྱོང་མཁན་གྱི་རྩལ་ནུས་གསོ་སྦྱོང་མཐོར་འདེགས་འཛིན་གྲྭ་སྤེལ་ནས་ཁྱིམ་ལས་ཞབས་ཞུའི་ཚད་ལྡན་ཅན་དང་ཚད་གཞི་ཅན་ལ་སྐུལ་འདེད་བཏང་།

ཁྱིམ་ལས་ཞབས་ཞུ་སོགས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཚོགས་པ་བཙུགས་ནས་དེར་ཞུགས་སུ་འཇུག་པ་གཙོ་གནད་དུ་བྱས་ཤིང་། ཁྱིམ་ལས་གཉེར་བར་འཚམ་པའི་མི་སྣའི་ཁྱད་ཆོས་ལྡན་པའི་ཚོགས་ཞུགས་རྣམ་པ་དང་ཚོགས་པ་འཛུགས་པའི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། ཁྱིམ་ལས་ཞབས་ཞུའི་ལས་རིགས་ཀྱི་ཚོགས་པ་བཙུགས་ནས་དེར་ཞུགས་པའི་བྱ་བའི་རིམ་པ་མྱུར་དུ་འཕར་བ་མངོན་འགྱུར་བྱས། དེའི་ཞོར་དུ་ཞིང་བ་ལས་བཟོ་བར་རིན་མེད་དུ་ལུས་ཕུང་བརྟག་དཔྱད་བྱེད་པ་དང་། ལས་ཡུལ་དང་པོའི་ལས་བཟོ་བའི་ནད་གསོ་དང་ལས་བཟོ་བའི་སྨན་བཅོས་འགན་སྲུང་སོགས་ཀྱི་ཐད་ནས་ཞིང་ཆེན་ཡོངས་ཀྱི་ཁྱིམ་ལས་ལས་རིགས་དང་ཧུའུ་ཀྲུའུ་ཁྱིམ་ལས་ཁེ་ལས་ལ་ཁ་ཕྱོགས་རྒྱུ་རེད།

ཁྱིམ་ལས་ལས་གཉེར་མི་སྣའི་སྔོན་ཐོན་དཔེ་སྟོན་དྲིལ་སྒྲོག་བྱས་ཤིང་། ལྔ་གཅིག་ངལ་རྩོལ་བྱ་དགའ་དང་བཟོ་བའི་སྔོན་སྐྱོད་པའི་གཟེངས་བསྟོད་འདེམ་བསྐོའི་ཁྲོད་དམིགས་བསལ་འོས་འཚམ་ཡོད་པར་བྱས་ཏེ།   རྒྱ་ཆེའི་ཁྱིམ་ལས་ཞབས་ཞུའི་ལས་གཉེར་མཁན་གྱི་ལས་སྐྲུན་གྱི་སྤྲོ་སེམས་བསྐྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།