རང་ཞིང་གིས་དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི་བྱ་འགུལ་ཐེངས་བཞི་པ་སྤེལ།
2024.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉེ་ལམ། ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་ཕྱོགས་ཡོངས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་ཁྲིམས་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་དང་། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་བརྡ་སྦྱོར་སྤེལ་ནས། ཟླ5པའི་ནང་ཞིང་ཆེན་ཡོངས་སུ་དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི་བྱ་འགུལ་ཐེངས་བཞི་པ་སྤེལ།

དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི་བྱ་འགུལ་གྱི་དྲིལ་སྒྲོག་གཙོ་གནད་ཁྲོད། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་ཟབ་མོ་དང་དྲིལ་སྒྲོག་བྱེད་པ་དང་། གཙོ་བོར་འདྲ་མཉམ་དང་རང་མོས། དྲང་གཞག ཡིད་རྟོན། ལྗང་མདོག་སོགས་དམངས་དོན་བྱ་འགུལ་གྱི་གཞི་རྩའི་རྩ་དོན་དང་། གཙོ་གཞི་འདྲ་མཉམ་རྒྱུན་འཁྱོངས་དང་རྒྱུ་ནོར་དབང་ཆར་སྲུང་སྐྱོབ་བྱེད་པ། ཉོ་ཚོང་འཁོར་རྒྱུག་སྟབས་བདེ་རུ་བསྒྱུར་བ། གཞན་དབང་ལ་བཙན་གནོད་བྱེད་པའི་འགན་འཁྲི་རྩད་གཅོད་བྱེད་པ་སོགས་ཀྱི་གཞི་རྩའི་རེ་བ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ་དང་འབྲེལ་བའི་གཞི་རྩའི་རྩ་དོན། གཞི་རྩའི་རེ་བ། འབྲེལ་ཡོད་གཏན་ཁེལ་བཅས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་དང་། གཙོ་བོར་ཐོན་དབང་སྲུང་སྐྱོབ་དང་གན་རྒྱ་ལག་བསྟར། ཚོང་རའི་སྒྲིག་ལམ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་འབྲེལ་ཡོད་ནང་དོན་སློབ་སྦྱོང་བྱས་ནས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་ཆེད་སྲུང་སྐྱོབ་འདོན་སྤྲོད་བྱེད་པ་བཅས་འདུ། 

བྱ་འགུལ་སྐབས་སུ། རང་ཞིང་གིས་དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་ཟླ་བའི་བྱ་འགུལ་གཙོ་བོ་དང་། རིག་གནས་ཚན་རྩལ་དང་འཕྲོད་བསྟེན་གསུམ་གཞི་རིམ་དུ་བསྐྱོད་པ་དང་དམངས་དོན་ཁྲིམས་གཞུང་ཞིང་སྡེ་རུ་བསྐྱོད་པའི་དཔེ་སྟོན་བྱ་འགུལ་སྤེལ་བ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་རྒྱང་སྒྲོག་གི་བཅའ་ཁྲིམས་ཁྱབ་གདལ་གྱི་ལེ་ཚན་བསྒྲུབ་པ།  བུད་མེད་ཞིང་སྡེ་རུ་སོང་ནས་བཅའ་ཁྲིམས་ཁྱབ་གདལ་བྱེད་པ་སོགས་ཀྱི་བཅའ་ཁྲིམས་དགུ་བསྐྱོད་བྱ་འགུལ་སྤེལ་བ་བཅས་བྱས་ནས། བྱ་འགུལ་ཐད་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་རྒྱུ་རེད། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བློ་སྦྱོང་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱེད་པར་ཟུང་འབྲེལ་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པ་དང་སྲིད་འཛིན་ཁྲིམས་འཛིན་མི་སྣའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས། ཁྲིམས་ལྟར་ཐབས་ཇུས་འགོད་པ་དང་ཁྲིམས་ལྟར་སྲིད་འཛིན་པར་སྐུལ་འདེད་གཏོང་བ་དང་། གཟབ་ནན་ཚད་ལྡན་དང་དྲང་བདེན་དཔལ་ཡོན་སྒོས་ཁྲིམས་འཛིན་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཁེ་ལས་ཀྱི་དོ་དམ་མི་སྣར་ཁ་གཏད་པའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས། ཁེ་ལས་ཚད་ལྡན་ངང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།