མཚོ་སྔོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་འགྲིམ་འགྲུལ་གྱི་ཚད་རླངས་འཁོར་ས་ཡ་གཉིས་དང་ཁྲི་བདུན་སྟོང་དགུ་དང་དྲུག་བརྒྱ་རེད།
2024.05.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི་ལས་རྒྱུས་ལོན་བྱུང་བ་ལྟར་ན།ཟླ5པའི་ཚེས1ཉིན་གྱི་དགུང་མོའི་ཆུ་ཚོད་བཅུ་གཉིས་ནས་ཟླ5པའི་ཚེས5ཉིན་གྱི་ཆུ་ཚོད་ཉེར་བཞིའི་བར། ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་འགྲིམ་འགྲུལ་ཚད་རླངས་འཁོར་ས་ཡ་གཉིས་དང་ཁྲི་བདུན་སྟོང་དགུ་དང་དྲུག་ཡིན་ལ། 2023ལོ་དང་བསྡུར་ན་བརྒྱ་ཆའི་གཉིས་དང་གྲངས་ཆུང་དགུ་བརྒྱད་འཕར་ཡོད། རླངས་འཁོར་ཐེངས་སྟོང་བཞི་དང་ཉིས་བརྒྱ་བཀག་མེད་ཡོང་བར་འགན་སྲུང་བྱས་པ་དང་། རླངས་འཁོར་གྱི་ལམ་གླ་སྒོར་འབུམ་བརྒྱད་དང་ཁྲི་བདུན་སྟོང་བཞི་དང་བརྒྱ་རིན་མེད་དུ་བཏང་།

ལྔ་གཅིག་གུང་གསེང་སྐབས་སུ། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། མི་དམངས་མང་ཚོགས་བདེ་འཇགས་དང་ཡིད་ཚིམ་སྒོས་འགྲོ་འོང་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཏེ། མྱུར་བགྲོད་གཞུང་ལམ་ཤར་གཏོང་འགན་ལེན་ནུས་ལྡན་དང་། འཕྲལ་བསྟུན་འགན་སྲུང་གིས་བགྲོད་ལམ་བདེ་འཇགས་ཤར་གཏོང་ཐུབ་པར་འགན་སྲུང་ནུས་ལྡན་བྱས།  གླ་ལེན་ས་ཚིགས་སོ་སོས་ལུགས་མཐུན་སྒོས་རླངས་འཁོར་བགྲོད་ལམ་སྒྲིག་བཀོད་བྱས་པ་དང་། འཁོར་རྒྱུག་ལྟ་ཞིབ་ཚད་ལེན་དང་རྒྱུན་ལྡན་མིན་པའི་གནས་ཚུལ་ཐག་གཅོད་བྱེད་པར་ཤུགས་བསྣན་ཞིང་། ཁྱེར་བདེའི་སྒྲིག་ཆས་དང་བསྐྱར་ཟློས་རྣམ་པའི་རིན་བསྡུ་སོགས་བྱེད་ཐབས་སྤྱད་དེ་ཤར་བགྲོད་ལས་ཆོད་ཇེ་མཐོར་བཏང་། ལམ་དྲའི་འཚང་ཁའི་ལྟ་ཞིབ་ཚད་ལེན་དང་གནམ་གཤིས་ངན་པའི་སྔོན་བརྡར་ཤུགས་བསྣན་པ་དང་། འགྲིམ་འགྲུལ་ཕྱིར་སྐྱོད་ཆ་འཕྲིན་དང་བགྲོད་ལམ་གནས་ཚུལ་གྱི་ཆ་འཕྲིན་སྒྲོག་སྤེལ་ལ་ཤུགས་སྣོན་བྱས་ཏེ། སྤྱི་དམངས་ལུགས་མཐུན་ཕྱིར་སྐྱོད་ལ་ཁྲིད་སྟོན་དང་། ཞབས་ཞུའི་ཁུལ་སོ་སོས་བྱེད་ཐབས་འཐུས་ཚང་དང་མཁོ་སྤྲོད་འདང་ངེས་འདོན་སྤྲོད་བྱས་པ་དང་། མི་མངོན་པའི་ཉེན་ཁར་གྲལ་བཤེར་དང་མེད་པར་བཟོས་ནས། མི་སྣ་ཡོངས་བདེ་བླག་ངང་འགྲོ་སྐྱོད་ལ་འགན་ལེན་བྱས། ཏང་ཡོན་འཕྲལ་སྒྲུབ་རུ་ཁག་དང་ན་གཞོན་དང་བླངས་ཞབས་ཞུ་རུ་ཁག་གིས་ཁ་ལོ་བར་ལམ་ཐིག་འདྲི་རྩད་དང་དྲི་བར་ལན་འདེབས་པ།   ཡུལ་དངོས་ལས་སྒྲུབ། བརྩེ་སེམས་རོགས་སྐྱོབ་སོགས་དམངས་བདེ་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་པ་དང་། དམངས་ཚིས་ལ་ཞབས་ཞུ་སྒྲུབ་པའི་སེམས་སྦྲེལ་ཟམ་པ་བཙུགས་ཏེ། རླངས་འཁོར་བསྐྱོད་པ་ཚད་ལྡན་ཡིན་ཞིང་བྱ་བ་བསྒྲུབ་པར་ལས་ཆོད་ཡོད་པ། ཞབས་ཞུར་དྲོད་འཁོལ་ལྡན་པའི་མི་དམངས་ཡིད་ཚིམ་པའི་ཤར་བགྲོད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན།

ལྷ་མོ་འཚོས་བསྒྱུར།