ཟླ5པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་གིས་འགན་སྒྲུབ་བྱས་པའི་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་སྤུས་ཚད་མཐོ་བའི་སྒོ་ནས་བསྐྲུན་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བསྡུས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། རྫོང་དང་ཆུའུ་སོགས་སྲིད་གཞུང་གི་མགོ་ཁྲིད་དང་ཁག་བགོས་དོ་དམ་འགན་ཁུར་བློ་མཐུན། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་ལས་ཁུར་སྦྱོར་བརྡར་ལས་བྱེད་པ། འབྲེལ་ཡོད་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་སོགས་བསྡོམས་པས་མི་ཉེར་བཞི་གསོ་སྦྱོང་ལ་ཞུགས།
ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན་ལྔ་ཡིན་ཞིང་། སློབ་ཚན་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད་ཟུང་འབྲེལ་བྱེད་པ་བསྡུ་ལེན་བྱས་ཤིང་། ཕྱོགས་བསྡུས་སློབ་སྟོན་རང་བཞིན་དང་དཔེ་གཞིའི་རང་བཞིན། བརྙན་རིས་སློབ་ཁྲིད། འཛིན་གྲྭའི་གྲོས་སྡུར། ཡུལ་དངོས་སློབ་ཁྲིད་སོགས་སློབ་ཁྲིད་བྱེད་ཐབས་སྣ་མང་བེད་སྤྱད་ནས་སློབ་ཁྲིད་བྱེད་སྒོ་རྒྱ་ཆེར་སྤེལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ། ཏང་གི་ལོ་རྒྱུས་དང་ཏང་གཤིས་སློབ་གསོ། ལས་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བའི་སྒྲིག་རིམ་ཆེན་པོ་བཞི་སོགས་གསོ་སྦྱོང་གི་ནང་དོན་གཙོ་བོར་བཞག་ཡོད་ལ། སློབ་ཁྲིད་ཀྱི་ནང་དོན་ལ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་དམ་པོར་བཟུང་སྟེ་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་ཀྱི་རྟེན་གཞི་མྱུར་དུ་བསྐྲུན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱིས་གནས་བཞི་བསྐྲུན་པའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་ཀྱི་རྟེན་གཞི་བསྐྲུན་པར་མྱུར་དུ་སྐུལ་འདེད་བཏང་སྟེ་ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་ཀྱི་རྟེན་གཞི་བསྐྲུན་པར་ཚན་རྩལ་གྱིས་སྣེ་ཁྲིད་དང་འདེགས་སྐྱོར་བྱེད་པ་སོགས་འདུས་ཡོད། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་པ་གདན་ཞུ་བྱས་ཏེ་ཆེད་དོན་སློབ་ཁྲིད་བྱས་ཤིང་། དུས་མཉམ་དུ། སློབ་མ་རྣམས་ཀྱི་རང་ཞིང་གི་ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། རྒྱལ་སྤྱི་ཅན་གྱི་མིག་རྒྱང་བཟུང་སྟེ་ཚྭ་མཚོའི་ཐོན་ལས་འཛུགས་སྐྲུན་དེ་རྒྱལ་སྤྱི་ཅན་དང་། ཚད་ལྡན་ཅན་དུ་སྐུལ་འདེད་གཏོང་བར་དམིགས་ནས་གྲོས་སྡུར་བརྗེ་རེས་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།