མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཟླ་ལྔ་པའི་ཚེས་དགུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་རིགས་མི་འདྲ་བའི་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཉིས་ས་ཡ་དྲུག་བཏང་ནས། མཁར་གྲོང་གི་དཀའ་ཁག་མང་ཚོགས་འབུམ་གསུམ་དང་ཁྲི་དགུ་སྟོང་གསུམ་བརྒྱད་བརྒྱའི་གཞི་རྩའི་འཚོ་བར་འགན་སྲུང་ནུས་ལྡན་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་གཞི་རྩའི་དམངས་ཚིས་ཀྱི་ཚད་མཐའ་བརྟན་སྲུང་བྱས།
ད་ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་སློབ་གསོ་དང་སྨན་བཅོས། སྡོད་ཁང་སོགས་ཀྱི་ཆེད་དོན་རོགས་སྐྱོར་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་བ་དང་། རིགས་མི་འདྲ་བའི་རོགས་སྐྱོར་ཐོན་ཁུངས་སྣ་ཚོགས་ཁུ་བསྡུ་བྱས་ནས། དགུ་སྣོན་གཅིག་གི་སྤྱི་ཚོགས་རོགས་སྐྱོར་རྣམ་པ་གྲུབ་པར་སྐུལ་འདེད་བཏང་། དུས་ཚིགས་དང་པོའི་དུས་མཇུག་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་ཞིང་སྡེའི་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་མི་འབུམ་གཉིས་དང་ཁྲི་བརྒྱད་སྟོང་གཉིས་བཞི་བརྒྱ་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བདུན་ས་ཡ་གཉིས་འབུམ་གཅིག་ཁྲི་དྲུག་དགུ་བརྒྱ་བྱིན་པ་དང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་མི་ཁྲི་བདུན་དང་སྟོང་བཞི་དྲུག་བརྒྱ་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་དགུ་འབུམ་དགུ་ཁྲི་བཞི་སྟོང་ལྔ་དང་བརྒྱ་བྱིན། ཧ་ཅང་དཀའ་ཁག་ཆེ་བའི་གསོ་སྐྱོང་མི་སྣ་ཁྲི་གཅིག་དང་སྟོང་བདུན་དགུ་བརྒྱ་ཡོད་པ་དང་། མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་བདུན་འབུམ་གཅིག་ཁྲི་དྲུག་སྟོང་གཅིག་ལྔ་བརྒྱ་བྱིན། བསྡོམས་པས་མི་ཁྲི་གཅིག་དང་སྟོང་བརྒྱད་དགུ་བརྒྱར་གནས་སྐབས་ཀྱི་རོགས་སྐྱོར་བྱས་པ་དང་། གནས་སྐབས་ཀྱི་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་གཅིག་ཁྲི་བརྒྱད་སྟོང་བརྒྱད་དང་བརྒྱད་བརྒྱ་བྱིན་ནས། དཀའ་ཁག་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་དང་བདེ་འཇགས་ཀྱི་དྲ་རྒྱ་སྔར་ལས་ཇེ་བརྟན་དུ་བཏང་།
ཡོང་སྒོ་དམའ་བའི་མི་གྲངས་ཀྱི་འགུལ་རྣམ་ལྟ་སྐུལ་དང་རོགས་སྐྱོར་རོགས་རམ་བྱ་བ་རྒྱུན་མཐུད་ངང་བཟང་བོར་བསྒྲུབས་པ་དང་། སྤྱི་ཚོགས་རོགས་སྐྱོར་གྱི་འགུལ་རྣམ་དོ་དམ་རྐྱེན་སྲོལ་བཙུགས་ནས་འཐུས་ཚང་དུ་བཏང་ལ། རོགས་སྐྱོར་བྱེད་ཡུལ་ལ་དུས་བཀག་ལྟར་ཞིབ་བཤེར་དང་ལེགས་སྒྲིག་བྱས་པ་དང་། གཞི་གྲངས་ཆེན་པོ་དང་ལྟ་ཞིབ་ཟུང་འབྲེལ་བྱེད་པའི་རྣམ་པ་བརྒྱུད་དེ་དུས་ཐོག་ཏུ་འཚོ་བར་དཀའ་ཁག་ཡོད་པའི་མང་ཚོགས་ལ་རྒྱུས་ལོན་བྱས་ནས། རོགས་སྐྱོར་བྱ་བའི་གནད་ཕིགས་རང་བཞིན་དང་ཕན་འབྲས་རང་བཞིན་ལ་ཁག་ཐེག་བྱས། དུས་ཚིགས་དང་པོའི་ནང་། བསྡོམས་པས་གྲོང་གསེབ་དར་སྤེལ་དང་སྨན་བཅོས་འགན་སྲུང་སོགས་སྡེ་ཁག་བར་གཞི་གྲངས་འབུམ་གཉིས་དང་ཁྲི་དྲུག་སྟོང་དགུ་བརྗེ་རེས་བྱས་པ་དང་། དབུལ་ཐར་མི་སྣ་འབུམ་གཅིག་དང་ཁྲི་ལྔ་སྟོང་བཞི་དགུ་བརྒྱ་མ་མཐའི་འཚོ་བའི་འགན་སྲུང་དང་ཧ་ཅང་དཀའ་ཁག་ཆེ་བ་སོགས་ཀྱི་རོགས་སྐྱོར་འགན་སྲུང་གི་ཁྱབ་ཁོངས་ནང་བཞག་ལ། ཞིང་སྡེའི་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་མི་སྟོང་བདུན་དང་བརྒྱ་གསར་སྣོན་བྱས་པ་དང་། མི་སྟོང་ལྔ་དང་དྲུག་བརྒྱ་ཕྱིར་བུད་ལ། རོགས་སྐྱོར་བྱེད་ཡུལ་ལ་འགུལ་རྣམ་དོ་དམ་བྱེད་པ་དང་། ཚད་དང་ལྡན་པར་ནང་འཇུག་ཕྱིར་འབུད་བྱེད་པ་མངོན་འགྱུར་བྱས་ནས། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱས།
རིན་ཆེན་མཚོས་བསྒྱུར།