2021ལོའི་ཟླ1ཚེས1ཉིན་ནས་བཟུང་། འབྲི་ཆུའི་བཞུར་རྒྱུད་ཀྱི་ཆུ་ཁོངས་གཙོ་བོར་ལོ་བཅུའི་རིང་ཉ་རྒྱ་སྡོམ་པའི་ལས་དོན་ཕྱོགས་ཡོངས་ནས་མགོ་བརྩམས་པ་རེད། ཉེ་ལམ། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རོང་འབྲོག་ཕྱོགས་སྡུས་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་བཅུའི་རིང་ཉ་རྒྱ་སྡོམ་པའི་ལས་དོན་མགོ་བརྩམས་ནས་ལོ་གསུམ་འགོར་བའི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས་རྒྱུན་ཆད་མེད་པར་རྩ་འཛུགས་འགན་སྲུང་ཤུགས་དྲག་དང་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་། ཁྲིམས་བསྟར་ལྟ་སྐུལ་དོ་དམ་དང་སྐོར་སྲུང་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཤིང་། ཐོན་ཁུངས་སྲུང་སྐྱོབ་ཤུགས་དྲག་ཏུ་བཏང་བ་དང་། ཆུར་སྐྱེས་སྐྱེ་དངོས་ཐོན་ཁུངས་ཉམས་གསོ་ལ་སྔར་ལས་སྐུལ་འདེད་བཏང་སྟེ། འབྲི་ཆུའི་ཡུས་ཧྲུའུ་བཞུར་རྒྱུད་ཀྱི་ཉ་རྒྱ་སྡོམ་པའི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
མིག་སྔར། ཡུས་ཧྲུའུ་ཁུལ་གྱིས་གོང་འོག་རིམ་པ་བཞིན་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་རྫོང་འགན་ལེན་བྱེད་པ་དང་། རྫོང་རིམ་པའི་མགོ་ཁྲིད་ཀྱིས་གྲོང་རྡལ་འགན་ལེན་བྱེད་པ། གྲོང་རྡལ་ལས་བྱེད་པས་སྡེ་བ་འགན་ལེན་བྱེད་པ། སྡེ་བས་ཆུ་ངོས་བཀག་སྡོམ་འགན་ལེན་བྱེད་པའི་འགན་འཁྲིའི་མ་ལག་གྲུབ་པར་བྱས་ཏེ། གྲོང་གསེབ་ཁོངས་གཏོགས་ཀྱི་དྲ་རྒྱའི་དོ་དམ་འགན་འཁྲི་སྔར་ལས་དངོས་འབེབས་བྱས། རོང་འབྲོག་ཚན་རྩལ་དང་ཚོང་ར་ལྟ་སྐུལ། སྤྱི་བདེ། ནགས་རྩྭ་སོགས་སྡེ་ཁག་གིས་སྲིད་འཛིན་ཉ་རྒྱ་སྡོམ་པའི་མུ་འབྲེལ་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས་མཉམ་འགོག་མཉམ་འཛིན་གྱི་བྱ་བའི་རྣམ་པ་གྲུབ་པར་བྱས། ཁུལ་ཁོངས་ཀྱི་ཁྱབ་ཁོངས་སུ་གསལ་ཚད་མཐོ་བའི་བརྙན་རིས་ལྟ་ཞིབ་ས་གནས15གསར་སྣོན་བྱས་ཤིང་། མི་མེད་གནམ་གྲུ་ལྔ་དང་མཚན་མཐོང་བརྟག་ཆས8སོགས་རྨང་གཞིའི་སྒྲིག་ཆས་ཆ་སྡེབ་བྱས་ཏེ། སྲིད་འཛིན་ཉ་རྒྱའི་ཁྲིམས་བསྟར་སྒྲིག་ཆས་ཆ་འཕྲིན་ཅན་གྱི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་བཏང་བ་དང་། གཞི་རིམ་སྐོར་སྐྱོད་དང་སྐོར་ཞིབ་འགོག་སྲུང་བྱ་བའི་ལྟ་སྐུལ་དོ་དམ་ནུས་པ་དང་། གནད་འཁེལ་རྡུང་རྡེག་ནུས་པ་ཕྱོགས་ཡོངས་ནས་ཤུགས་དྲག་ཏུ་བཏང་། ས་གནས་སོ་སོས་སྐོར་སྲུང་དོ་དམ་དང་སྡེ་ཁག་མཉམ་འབྲེལ་ཁྲིམས་བསྟར་དང་རོགས་འདེགས་བྱས་ཏེ། ཁྲིམས་འགལ་ཉ་འཛིན་ཞུ་གཏུག་ཁུངས་སྣེ་ཞིབ་བཤེར་ཐག་གཅོད་སོགས་ཀྱི་རྐྱེན་སྲོལ་རིམ་བཞིན་འཐུས་ཚང་དུ་བཏང་ལ། འཛིན་སྡོམ་ཆུ་ཁུངས་ཀྱི་དྲ་འབྲེལ་མི་སྣའི་སྣེ་མང་ཅན་གྱི་རྣམ་པ་ལག་བསྟར་བྱས་ཏེ། དོ་སྲུང་མཁན་གྱིས་ཉ་སྲུང་མཁན་གྱི་འགན་ཞོར་ཏུ་ཁུར་ཐུབ་པར་བྱས་ནས། ཉ་རྒྱའི་སྲིད་འཛིན་ཁྲིམས་བསྟར་གྱི་སྟོབས་ཤུགས་ཞན་པ་སོགས་ཀྱི་དཀའ་ཁག་ཐག་གཅོད་བྱས། མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཉ་སྲུང་དཔུང་ཁག་ལྔ་བཙུགས་ཡོད་ལ་མི536ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།