མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་དང་པོའི་བདེ་སྐྱིད་ཀྱི་ཆུ་དང་མཚེའུ་ཡི་མིང་ཐོ་ཁྱབ་བསྒྲགས་བྱས།
2024.05.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་ལམ་ལུགས་གཞུང་སྒྲུབ་ཁང་གིས་ཉེ་ལམ་རང་ཞིང་གི་སྐོར་ཐེངས་དང་པོའི་བདེ་སྐྱིད་ཆུ་དང་མཚེའུ་ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པ་སྟེ།    ཟི་ལིང་གྲོང་ཁྱེར་གྱི་ནན་ཁྲོན་ཆུ་བོ་དང་པེ་ཁྲོན་ཆུ་བོ།    མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་པཱ་ཀྲིག་འགག   ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཧྲ་ཐང་ཁྲོན།    མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གི་གསེར་མཚོ་དང་རྐང་ཚ་རྫོང་གི་འོམ་ཆུ།    མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་རྡོ་རའི་ཆུ་དང་ཀོས་ནན་རྫོང་གི་བྱ་མདོ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་པཱ་ཡན་ཆུ་བོ། ཏུའུ་ལན་རྫོང་གི་ཤིང་སྡེ་ཆུ་བོ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཆུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་དགུ་ཆུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་དཔལ་ཐང་ཆུ་བོ་དང་བྱ་ཆུ་སོགས་ཆུ་བོ་བཅུ་བདུན་གྱི་ཆུ་དང་མཚེའུ་ཡི་མིང་ཐོ་འདུས།

2023ལོར་ཞིང་ཆེན་གྱི་སྤྱི་ཁྱབ་ཆུ་དང་མཚོ་དཔོན་བཀའ་རྒྱ་ཨང་དང་པོ་བཏང་བ་ནས་བཟུང་།    བདེ་སྐྱིད་ཀྱི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ་དང་།   མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་བདེ་སྐྱིད་ཀྱི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་བྱ་བའི་ཇུས་གཞི་དང་།    འཛུགས་སྐྲུན་ཕན་འབྲས་དཔྱད་འཇོག་བྱ་བའི་ཇུས་གཞི།   དཔྱད་འཇོག་དམིགས་ཚད་མ་ལག་བཅས་བཟོས་པ་དང་།    ཆུའི་ཐོན་ཁུངས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་ཆུའི་ཁོར་ཡུག་སྤུས་ཚད་ཇེ་ལེགས་སུ་གཏོང་བ།    རྨང་གཞིའི་རང་བཞིན་གྱི་བྱ་བ་དངོས་བསྒྲུབ་པ།    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་ཤུགས་སྣོན་པ།    མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།     རྫོང་རིམ་པའི་རང་དཔྱད་དང་གྲོང་ཁྱེར་དང་ཁུལ་གྱིས་ཞིབ་དཔྱད་དཔྱད་འཇོག་བྱེད་པ། ཞིང་ཆེན་རིམ་པའི་བསྐྱར་ཞིབ་དཔྱད་འཇོག་དང་བསམ་འཆར་བསྡུ་ལེན།    སྤྱི་ཚོགས་ཡོངས་བསྒྲགས་སོགས་རིམ་པ་རེ་རེ་བརྒྱུད་མཐར། མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་བདེ་སྐྱིད་ཆུ་བོ་དང་མཚེའུ་ཡི་མིང་ཐོ་དཔྱད་བསྡུར་གཏན་འབེབས་དང་ཡོངས་བསྒྲགས་བྱས་པས། མཚོ་སྔོན་ཞིང་ཆེན་གྱི་བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་གྱི་འགོ་ཡག་པོ་འཛུགས་ཐུབ་པ་བྱུང་།

རྒྱུས་ལོན་པ་ལྟར་ན། གོ་རིམ་རྗེས་མར་རང་ཞིང་གིས“2025ལོར་སླེབས་སྐབས་བདེ་སྐྱིད་ཀྱི་ཆུ་བོ་དང་མཚེའུ100བསྐྲུན་རྒྱུའི”དམིགས་འབེན་ལ་དམིགས་ནས། གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་མུ་མཐུད་ཤུགས་སྣོན་པ་དང་། “བདེ་ཐང་དང་སྐྱེ་ཁམས། འཚོ་བ། བློ་གྲོས།    རིག་གནས།    འཕེལ་རྒྱས”བཅས་ཀྱི་དམིགས་ཚད་ལ་དམིགས་ནས། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆུ་དང་མཚེའུ་ཡི་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། མདོ་དབུས་མཐོ་སྒང་གི་ཆུ་དང་མཚེའུ་དོ་དམ་སྲུང་སྐྱོབ་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། ཆུ་བོ་དྭངས་ཤིང་ཡུལ་ལྗོངས་མཛེས་པ།    མི་དང་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ཀྱི་རི་མོ་འབད་བརྩོན་བྱས་ནས་འབྲི་དགོས།

ཤ་བོ་རིན་མཚོས་བསྒྱུར།