ད་ལོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་དམངས་འཚོ་འགན་སྲུང་ཏན་ཏིག་བྱེད་རྒྱུ་དེ་གཙོ་རྐང་དུ་བརྩིས་ནས། དམངས་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་རྒྱ་བསྐྱེད་པ་དང་། བྱ་བའི་ཕན་ནུས་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་དྲ་བ་ལེགས་པོར་བཟོ་བ་དང་། མཐའ་ཡག་པོར་སྐྱོང་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ནས། དམངས་སྲིད་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས། མིག་སྔའི་བར་ཁུལ་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་མི་གྲངས་ཁྲི་བདུན་དང་སྟོང་བརྒྱད་ཉིས་བརྒྱད་སོ་བཞི་དང་གནས་སྐབས་རོགས་སྐྱོབ་མི་གྲངས་སྟོང་གཅིག་དང་ཉིས་བརྒྱ་གསུམ་ལ་རོགས་སྐྱོབ་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་། རིམ་རྩིས་བྱས་ན་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་གཅིག་འབུམ་དགུ་ཁྲི་ལྔ་དངོས་འབེབས་བྱས་པས། སྤྱི་ཚོགས་ཀྱི་མཐའ་སྐྱོང་རོགས་སྐྱོབ་སྔར་ལས་ཇེ་ལེགས་སུ་གྱུར་པ་དང་། བྱིས་པའི་ཕན་བདེའི་འགན་སྲུང་སྔར་ལས་དྲོད་ཁོལ་ལྡན་པར་གྱུར་ལ། རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་སྔར་ལས་ཚད་ལྡན་དུ་གྱུར་ཡོད།
2024ལོར། ཡུས་ཧྲུའུ་ཁུལ་གྱིས《བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་བྱས་ནས་དམངས་སྲིད་ཀྱི་ཆེད་དོན་བྱ་སྤྱོད་ཆེན་པོ་བརྒྱད་རྒྱུན་མཐུད་ངང་སྲ་བརྟན་དང་མཐོར་འདེགས་གཏོང་བའི་སྐོར་གྱི་ཆེད་དོན་བྱ་སྤྱོད》བཀྲམ་སྟེ། སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཏན་ཏིག་གིས་ལེགས་པོར་སྒྲུབ་པ་དང་། དྲ་ཐོག་ཨང་བཤེར་རོགས་སྐྱོབ་ཁྱབ་གདལ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཐའ་མའི་འགག་གནད་ཐག་གཅོད་བཅས་བྱས། དཀའ་ཁག་ཡོད་པའི་བྱིས་པར་འགན་སྲུང་བྱེད་ཤུགས་རྒྱུན་ཆེད་མེད་པར་ཆེ་རུ་བཏང་སྟེ། ཆ་རྐྱེན་དང་མཐུན་པའི་དྭ་ཕྲུག་དང་། གསོ་སྐྱོང་བྱེད་མཁན་མེད་པ། མ་མཐའི་འཚོ་བའི་འགན་སྲུང་བཅས་དང་དེ་མིན་དམིགས་བསལ་དཀའ་ཁག་ཡོད་པའི་བསྙེན་བཀུར་སོགས་འགན་སྲུང་ཁྱབ་ཁོངས་ཁྲོད་དུ་བཞག དྭ་ཕྲུག་དང་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་སྲུང་འཐུས་ཚང་དུ་གཏོང་བའི་ཁྲོད་སྨན་བཅོས་བདེ་ཐང་སླར་གསོ་དང་། སློབ་གསོ་ལས་ཞུགས། སྡོད་ཁང་སོགས་འདུས་ཡོད། རྒན་གསོའི་ཞབས་ཞུའི་ས་ཚིགས་ཁྱོན་ཡོངས་ལ་ཁྱབ་པ་དང་། སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྐོང་བ། སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ཕན་འབྲས་ཆེ་རུ་གཏོང་བར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཁྱིམ་སྡོད་སྡེ་ཁུལ་གྱི་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་དང་། སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་པར་འཚོལ་ཞིབ་བྱས།
《ཡུས་ཧྲུའུ་ཁུལ་གྱིས་རྒན་པ་གཅིག་དང་ཆུང་བ་གཅིག་གི་ཆེད་དོན་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》བཟོས་ནས། ཁུལ་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་རྒན་པ་གཅིག་དང་ཆུང་བ་གཅིག་གི་ཁྱབ་ཁོངས་སུ་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་སྣ་མང་ཅན་དང་རིམ་པ་མང་བའི་ཞབས་ཞུའི་དགོས་མཁོ་སྐོང་བར་འགན་ལེན་བྱས། དུས་ཚིགས་དང་པོར་ཁུལ་ཡོངས་སུ་ལོ་ལོན་རྒན་པའི་ཁ་གསབ་མ་དངུལ་སྒོར་ས་ཡ་གཉིས་ཁྲི་བདུན་ལྷག་དངོས་འབེབས་བྱས་པ་དང་། སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱས་ནས་མི4097ལ་ཕན་པ་ཐོབ་པར་བྱས་ཡོད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།