མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་འགྲན་བསྡུར་སྐབས་གཉིས་པ་གཉེར།
2024.05.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

 ཟླ5ཚེས11ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་དང་།  མཚོ་བྱང་ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་།  ཁུལ་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་བྱ་བའི་ཨུ་ཡོན་ལྷན་ཁང་། གུང་གཞོན་ཚོགས་པ་མཚོ་བྱང་ཁུལ་ཨུ་ཡོན་ལྷན་ཁང་།  ཁུལ་སློབ་གསོ་ཅུས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི“མཚོ་བྱང་གི་གཏམ་རྒྱུད་ང་ཡིས་བཤད”ཅེས་པ་དང་ཁུལ་ཡོངས་ཀྱི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་འགྲན་བསྡུར་སྐབས་གཉིས་པ་བསྡུས།

ཐེངས་འདིའི་སྒྲོག་འགྲེལ་འགྲན་བསྡུར་ཆེན་པོ་ཡིས“དགོངས་པའི་འོད་ཀྱིས་སྐྱོད་ལམ་གསལ་བར་བྱེད། མཚོ་སྔོན་གསར་པས་མ་འོངས་ཕུགས་འདུན་སྙེག ”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མ་ལག་དང་།  དོན་སྙིང་གཙོ་བོ།  ལག་ལེན་བླང་བྱ་བཅས་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། དེ་མིན་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ལག་བསྟར་དོན་འཁྱོལ་བྱེད་པའི་ཐབས་ཇུས་བཀོད་སྒྲིག་བཅས་ལ་དམིགས་ནས།   ཁུལ་ཏང་ཨུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་། “གནས་བཞི”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་པ།  གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “རིག་གནས་ལྔའི”ཐད་ཀྱི་ལག་ལེན་གསར་པ་དང་འཚོལ་ཞིབ་གསར་པ། ཉམས་མྱོང་གསར་པ་དར་སྤེལ་གཏོང་བ་བཅས་སྒྲོག་འགྲེལ་གྱི་ནང་དོན་གཙོ་བོར་བརྩིས་བ་དང་།   སྙན་ཞུའི་རྣམ་པའི་སྒྲོག་འགྲེལ་དང“རིགས་པའི་གཞུང་ལུགས་དང་རིག་རྩལ་ཟུང་འབྲེལ”རྣམ་པའི་སྒྲོག་འགྲེལ་བྱེད་སྟངས་གཙོ་བོར་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།   སྙན་ཞུའི་རྣམ་པའི་སྒྲོག་འགྲེལ་གྱི་བྱ་དགའ་ཨང་དང་པོ་ཐོབ་པའི་བདམས་ཐོན་པ་གཉིས་དང“རིགས་པའི་གཞུང་ལུགས་དང་རིག་རྩལ་ཟུང་དུ་འབྲེལ་ བའི”སྒྲོག་འགྲེལ་ལ་བྱ་དགའ་ཨང་དང་པོ་ཐོབ་པའི་ལས་ཁུངས་གཉིས་ཀྱིས་མཚོ་བྱང་ཁུལ་གྱི་ཚབ་བྱས་ནས་ཟླ6པར་སྒྲུབ་པའི་ཞིང་ཆེན་ཡོངས་ཀྱི་རྟིང་རྩོད་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།