ཟླ5པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྤྱི་ཁྱབ་རུ་ཁག་དངོས་སུ་བཙུགས་ནས་སྒོ་བྱང་བཀལ་བ་དང་། དེས་མཚོ་སྔོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ནི་སྲིད་འཛིན་ཁྲིམས་བསྟར་ནས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་གྱི་རིམ་པ་གསར་བར་གོམ་པ་སྤོས་ཤིང་། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱ་བ་སྐྱོད་ལམ་གསར་པར་བསྐྱོད་པ་མཚོན།
མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྤྱི་ཁྱབ་རུ་ཁག་བཙུགས་པ་དེ་ཁྲིམས་བསྟར་ལམ་ལུགས་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། དབང་ཆ་དང་འོས་འགན་གཅིག་གྱུར། དབང་ཆེ་ནུས་མཐོ། ཞབས་ཞུ་སྤུས་ལེགས་བཅས་ཀྱི་སྲིད་འཛིན་ཁྲིམས་བསྟར་ལམ་ལུགས་འཛུགས་པར་ཕན་པ་དང་། ཁྲིམས་བསྟར་རུ་ཁག་སྒྲིག་འཛུགས་བྱེད་པ། ཆབ་སྲིད་ཀྱི་བློ་རྩ་བརྟན་པ་དང་བྱང་ཚད་མཐོ་བ། སྲི་གཙང་ནུས་མཐོ་བཅས་ཀྱི་སྲིད་འཛིན་ཁྲིམས་བསྟར་རུ་ཁག་ཅིག་འཛུགས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་རྩོམ་པར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་འགན་སྲུང་སྟོབས་ཤུགས་སྔར་ལས་ལེགས་པོ་འདོན་སྤྲོད་བྱེད་པ་བཅས་ལ་ཕན།
མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྤྱི་ཁྱབ་རུ་ཁག་གིས་བཅོས་སྒྱུར་གྱི་བསམ་ཕྱོགས་དང་ལམ་ཕྱོགས། ཐབས་ལམ་དང་སྤོབས་པ་བཅས་ཀྱིས་དུས་རབས་གསར་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་གྱི་གོ་རིམ་དང་བྱ་བ་ལེགས་པོར་སྒྲུབ་པ་དང་། འགྲིམ་འགྲུལ་འཕྲལ་བསྟུན་མཉམ་སྡེབ་རྐྱེན་སྲོལ་དང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ། སྲིད་འཛིན་ཁྲིམས་བསྟར་བཅས་སྦྲེལ་མཐུད་ནུས་ལྡན་བྱེད་པ། རིགས་ཆེན་པོ་བཞིའི་ཁྲིམས་བསྟར་བྱ་བ་སྣ་ཚོགས་དང་ཁྲིམས་བསྟར་བྱ་སྤྱོད་ཀྱི་ལྟ་རྟོག་མཛུབ་སྟོན་སོགས་ཀྱི་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཕྱོགས་གཅིག་ནས་སྒྲིག་འཛུགས་དང་ཕྱོགས་གཅིག་ནས་ཁྲིམས་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཆེད་ལས་ཅན། གཞི་གྲངས་ཅན་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་གྱི་འགན་ནུས་དང་མཐུན་པའི་སློབ་གསོ་གསོ་སྦྱོང་དང་ལས་གནས་སྦྱོང་བརྡར་གྱི་བྱེད་སྒོར་རྒྱུན་མཐུད་སྒོས་ཤུགས་སྣོན་པར་མ་ཟད། ཁྲིམས་བསྟར་གྱོད་སྒྲུབ་ཀྱི་ནུས་པ་ཇེ་ཆེ་དང་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཕྱོགས་མང་པོ་ནས་ཁྲིམས་བསྟར་མི་སྣའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གཏོང་བ། གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་བསྟུན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རུ་ཁག་ཅིག་མགྱོགས་མྱུར་ངང་འཛུགས་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།