ཟླ5པའི་ཚེས15ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་བྲག་དཀར་སྡེ་བར། ལས་ཀ་པ་རྣམས་ཀྱིས་གྱང་ར་རྡུང་བཞིན་ཡོད་ལ། སྡེ་བ་དེ་ནི་ཀྲུང་གོ་སྲོལ་རྒྱུན་སྡེ་བའི་མིང་ཐོ་སྐོར་བཞི་པའི་གྲས་སུ་ཚུད་པའི་སྡེ་བ་ཞིག་རེད། ད་ལོར། ཡུལ་ཧྲུའུ་ཁུལ་གྱིས་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་དང་། མཛེས་པའི་གྲོང་རྡལ་འཛུགས་སྐྲུན་ལ་གཞི་བཅོལ་ཏེ། ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ལྡན་པའི་གནའ་བོའི་བཟོ་སྐྲུན་དང་། གནའ་ཤུལ་སོགས་སྲུང་སྐྱོབ་དང་ཉམས་གསོ་བྱས་ཤིང་། མྱུར་སྐྱོབ་རང་བཞིན་གྱིས་ས་གནས་ཀྱི་ཁྱད་ལྡན་རིག་གནས་ལ་སྲུང་སྐྱོབ་བྱས་པར་མ་ཟད། དངོས་སུ་མཐོང་ཆེན་དང་དངོས་སུ་སྲུང་སྐྱོབ་ལྟ་སྐུལ་བྱས་ནས། གྲོང་གསེབ་འཛུགས་སྐྲུན་ཁྲོད་དུ་སྲོལ་རྒྱུན་སྡེ་བའི་ལོ་རྒྱུས་རིག་གནས་ལ་སྲུང་སྐྱོབ་བྱས་པ་དང་། གྲོང་གསེབ་དར་སྤེལ་ཐད་རོགས་འདེགས་ནུས་ལྡན་བྱས།
ཡུས་ཧྲུའུ་ཁུལ་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་སྲོལ་ཡིག་ཅེས་པ་འགྲེམ་སྤེལ་ལག་བསྟར་བྱས་ཤིང་། ལོ་རྒྱུས་རིག་གནས་ཀྱི་གནའ་མཁར་གྲགས་ཅན་དང་གྲོང་རྡལ་གྲགས་ཅན་སྡེ་བ་གྲགས་ཅན་གྱི་སྲུང་སྐྱོབ་སྲོལ་ཡིག་ལ་དམ་པོར་དམིགས་ཞིང་། སྔ་གཞུག་ཏུ་སྲོལ་རྒྱུན་སྡེ་བ་བསྐྱར་བསྐྲུན་རང་བཞིན་གྱི་འཆར་འགོད་སོགས་ཆེད་དོན་འཆར་གཞི་བཅུ་ལྷག་སྒྲིག་འགོད་བྱས་ཏེ། རིམ་པ་བཞིན་གྲོང་ཁྱེར་འཛུགས་སྐྲུན་གསར་སྤེལ་གྱི་འཆར་འགོད་མ་ལག་གྲུབ་པར་བྱས་ཤིང་། ཚད་བཀག་འཛུགས་སྐྲུན་ཁུལ་དང་ཞི་འཇགས་འཛུགས་སྐྲུན་ཁུལ། གསར་སྤེལ་འཛུགས་སྐྲུན་ཁུལ་བཅས་ལུགས་མཐུན་སྒོས་དབྱེ་འབྱེད་བྱས་ནས། སྲོལ་རྒྱུན་སྡེ་བ་དེང་རབས་འཛུགས་སྐྲུན་ཁྲོད་འདྲེས་པར་ཁོལ་ཡངས་པའི་བར་སྟོང་འདོན་སྤྲོད་བྱས་པ་དང་། སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པར་སྐུལ་སྤེལ་ཐུབ་པར་ཁག་ཐེག་བྱས། དུས་མཉམ་དུ། གྲོང་གསེབ་དར་སྤེལ་འཐབ་ཇུས་དང་ཟུང་སྦྲེལ་བྱས་ཏེ། སྲོལ་རྒྱུན་སྡེ་བའི་སྤྱི་བའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་དངུལ་གཏོང་འཛུགས་སྐྲུན་ནུས་ཚད་སྔར་ལས་ཇེ་ཆེར་བཏང་བ་དང་། སྲོལ་རྒྱུན་སྡེ་བའི་ཞབས་ཞུའི་སྒྲིག་ཆས་རིགས་གྲོང་རྡལ་ཅན་དུ་བསྒྱུར་བའི་འཕེལ་རིམ་ཕྱོགས་ཡོངས་ནས་འཐུས་ཚང་དུ་བཏང་ཞིང་། སྲོལ་རྒྱུན་སྡེ་བའི་མི་སྡོད་ཁོར་ཡུག་དང་སྣ་འཛོམས་འགུག་ནུས་ཇེ་ཆེར་བཏང་།
རིག་འཛིན་སྒྲོལ་མས་བསྒྱུར།