ཟླ5པའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཅུའུ་བཅུ་གཉིས་པའི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཀྲང་ཐིན་ཧྲི་གདན་ཞུ་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པར་རྒྱལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཐད་ནས་ཟུར་ཁྲིད་བྱེད་དུ་བཅུག
ཟུར་ཁྲིད་བྱེད་སྐབས། ཀྲང་ཐིན་ཧྲི་ཡིས་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་པོ་བྱེད་པ་དང་། ཆོས་ལུགས་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་ཁོང་དུ་ཆུད་པར་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་སོགས་ཀྱི་ཕྱོགས་ནས་གཞུང་ལུགས་ཀྱི་འགྲེལ་བཤད་ཁ་གསལ་བོ་དང་ལག་ལེན་གྱི་འགྲེལ་ཀློག་ཟབ་མོ་བྱས།
ཟུར་ཁྲིད་ལ་ཉན་རྗེས། ཚང་མས་ཟུར་ཁྲིད་ཀྱི་བརྗོད་དོན་མངོན་གསལ་ཡིན་པ་དང་གཙོ་གནད་འབུར་དུ་ཐོན་ལ། བསམ་ཕྱོགས་གསལ་ཞིང་འགྲེལ་བཤད་གསལ་པོ་བྱས་པ་དང་། དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་ཐད་ནས་མཛུབ་སྟོན་རང་བཞིན་དང་ལག་བསྟར་རང་བཞིན། སྐུལ་སློང་རང་བཞིན་ཆེན་པོ་ལྡན་པ་དང་། ཕུན་སུམ་ཚོགས་པའི་ཆེད་དོན་སྙན་ཞུ་ཞིག་ཡིན་ལ། གནད་ལ་འཁེལ་བའི་ལས་སྒོའི་མཛུབ་སྟོན་ཞིག་ཀྱང་རེད་ཅེས་བཤད་ཆོག་ཅེས་བཤད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་པོ། ལག་ལེན་མཐར་ཕྱིན་བྱེད་པ་དང་། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པ། ཆོས་ལུགས་བྱ་བའི་སྤུས་འབྲས་ཀྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་གཏོང་བ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཆོས་ལུགས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་སྟེ། འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་མཐོན་པོས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་རྒྱུའི་ཚུལ་བསྟན།
རིན་ཆེན་མཚོས་བསྒྱུར།