ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་དྲིལ་སྒྲོག་བྱ་བའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས།
2024.05.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ5པའི་ཚེས13ཉིན་ནས17ཉིན་བར། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་དྲིལ་སྒྲོག་བྱ་བའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཆབ་སྲིད་བྱ་བའི་དྲིལ་སྒྲོག་སྡེ་ཁག་ནས་ཡོང་བའི་འགན་ཁུར་བློ་མཐུན་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་གི་སྐབས་སུ། སྤྱི་བདེ་པུའུ་གསར་འགྱུར་དྲིལ་སྒྲོག་ཅུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་བྱད་དང་ཞིང་ཆེན་ནང་ཁུལ་གྱི་སྨྱན་བྱད་གཙོ་བོ་བཅས་ནས་ཡོང་བའི་ལས་སྒོའི་འགོ་ཁྲིད་པ་དང་། ཆེད་མཁས་པ་དང་རིག་གནས་པ། སྨྱན་བྱད་ཀྱི་གསར་འགོད་པ། གཞི་རིམ་སྤྱི་བདེ་དྲིལ་སྒྲོག་གི་རྐང་འཛིན་པ་བཅས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་འདུ་ཤེས་འཛིན་སྟབས་ཁྱབ་ཁོངས་ཀྱི་བདེ་འཇགས། སྨྱན་བྱད་ཡོངས་ཀྱི་དུས་སྐབས་ཀྱི་གླེང་ཕྱོགས་འདུ་ཤེས་དང་ཁ་གཏད་ནུས་པ། གསར་འགྱུར་བཟང་བོའི་རྒྱུ་རྐྱེན་གཙོ་བོ། གསར་འགྱུར་ཇུས་འགོད་དང་ཉེན་རྟོག་དང་སྨྱན་བྱད་ཀྱི་འབྲེལ་བ། བརྙན་ཕབ་སྒྲིག་བཟོ་སོགས་ཀྱི་ནང་དོན་ལ་དམིགས་ནས་ཆེད་དོན་འཆད་ཁྲིད་བྱས།

ཚང་མས་གསོ་སྦྱོང་ཐད་ནས་དོ་དམ་ཧ་ཅང་ནན་མོ་དང་རྩ་འཛུགས་བརྟན་པོ་ཡིན་ལ། སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། སློབ་ཁྲིད་ཀྱི་རྣམ་པ་མང་ལ། མིག་རྒྱ་ཆེར་བསྐྱེད་པ་དང་བློ་སྒོ་ཕྱེས་པར་མ་ཟད། འཇོན་ནུས་མཐོར་འདེགས་བྱས་པ་དང་བྱེད་ཐབས་ཁོང་དུ་ཆུད་པར་བྱས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་གསོ་སྦྱོང་གོ་སྐབས་སུ་བརྩིས་ནས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་ཕྱོགས་ཇེ་བརྟན་དུ་གཏོང་བ། འགན་སྒྲུབ་ནན་མོ་དང་ཁག་ཁུར་འབད་འཐབ་བྱེད་པ། བཅོས་སྒྱུར་གསར་གཏོད་བྱས་ཏེ། མཚོ་སྔོན་གྱི་སྤྱི་བདེ་དྲིལ་སྒྲོག་བྱ་བའི་ལེའུ་གསར་བ་འབྲི་རྒྱུ་ཡིན་ཟེར།

རིན་ཆེན་མཚོས་བསྒྱུར།