མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་གཞི་གཅིག་ཅན་གྱི་དཔེ་སྟོན་ལྟ་སྦྱོང་གྲོས་ཚོགས་ཟླ5པའི་ཚེས24ཉིན་མཚོ་སྔོན་དགེ་ཐོན་སློབ་ཆེན་ཁོངས་གཏོགས་ཚོད་ལྟའི་སློབ་འབྲིང་དུ་བསྡུས། དེའི་དམིགས་འབེན་ནི་འགུལ་སྐྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་སློབ་གྲྭའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་འཛུགས་སྐྱོང་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཁྲིད་གཞི་གཅིག་ཅན་དུ་འཛུགས་སྐྱོང་ཟབ་མོ་བྱས་ནས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློའི་ཆབ་སྲིད་ཀྱི་མི་སྐྱོང་ཕན་འབྲས་ཇེ་ཆེར་གཏོང་རྒྱུ་དེ་རེད།
ཐེངས་འདིའི་བྱ་འགུལ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་གཙོ་སྒྲུབ་བྱས་པ་དང་། སློབ་གསོ་པུའུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློའི་ཆབ་སྲིད་སློབ་ཁྲིད་ཀྱི་གཞི་གཅིག་ཅན་གྱི་གཅིག་མཐུན་ཚོགས་པས་སྣེ་ཁྲིད་བྱས་ལ། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་ཞུང་ཞའོ་ལེན་གྱི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་དགེ་རྒན་མིང་གྲགས་ཅན་གྱི་བྱ་བའི་ཁང་གིས་གྲ་སྒྲིག་བཟང་བོ་བྱས། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློའི་ཆབ་སྲིད་སློབ་ཁྲིད་གཞི་གཅིག་ཅན་གྱི་དཔེ་སྟོན་སློབ་ཁྲིད་ཀྱི་ལྟ་སྦྱོང་བྱ་འགུལ་རྩ་འཛུགས་བྱས་པ་དེས། རང་ཞིང་གིས་ཀུན་སྤྱོད་འཛུགས་པ་དང་མི་སྐྱོང་བའི་རྩ་བའི་ལས་འགན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། བསམ་བློའི་ཆབ་སྲིད་སློབ་ཁྲིད་འཛུགས་སྐྱོང་དང་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་གཉིས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློའི་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འཛུགས་སྐྱོང་གཏིང་ཟབ་བྱེད་པའི་ཆབ་སྲིད་ཁག་ཁུར་བཅས་མངོན་པར་བྱས་ཡོད། བྱ་འགུལ་དྲ་ཐོག་དང་ཡུལ་དངོས་ནས་མཉམ་དུ་སྤེལ།
མིག་སྔར། རང་ཞིང་གིས་རྒྱལ་ཁབ་རིམ་པའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་ཀྱི་གཞི་གཅིག་ཅན་གྱི་གཅིག་མཐུན་ཚོགས་པ་གཅིག་ཡིག་ཐོག་སྙན་ཞུ་བྱས་ནས་ལེགས་འགྲུབ་བྱུང་བ་དང་། ཞིང་ཆེན་རིམ་པའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་གཞི་གཅིག་ཅན་གྱི་གཅིག་མཐུན་ཚོགས་པ་གསུམ་བཙུགས་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོར་ཡོངས་སུ་ཁེབས་པ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་བྱིས་གཉེར་ཁང་གི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་ནང་དུ་འདུ་ལ། གཅིག་མཐུན་ཚོགས་པ་སོ་སོས་གཞི་གཅིག་ཅན་འཛུགས་སྐྱོང་གི་ཕན་ལྡན་ལམ་བུ་འཚོལ་ཞིབ་བྱས།
ད་ལོར། ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་ལོ་གསུམ་གྱི་མཁྲེགས་གཏོར་འགུལ་སྐྱོད་ལག་བསྟར་བྱས་པ་དང་། སློབ་གྲྭའི་བསམ་བློའི་ཆབ་སྲིད་སློབ་ཁྲིད་ཀྱི་གསར་གཏོད་སློབ་ཁྲིད་ཀྱི་འདུ་ཤེས་ལ་སྐུལ་འདེད་བཏང་ནས། རང་ཞིང་གིས་བསམ་བློའི་ཆབ་སྲིད་ཀྱི་མི་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བསམ་བློའི་ཆབ་སྲིད་སློབ་གསོའི་སྤུས་ཚད་སྤྱི་ཁོག་ནས་མཐོར་འདེགས་གཏོང་བའི་ཐད་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།