ཟླ5ཚེས24ཉིན། གསར་འགོད་པས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་དུས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱིས་ཆེད་མཁས་པ་རྩ་འཛུགས་བྱས་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞབས་ཞུ་འགན་སྲུང་ལྟེ་གནས་ཀྱིས་ཡོངས་འགྲུབ་བྱས་པའི་མདོ་ལ་རི་བོའི་ས་ཁུལ་གྱི་ལོ་མང་སྲན་རིགས་གཟན་རྩྭའི་སོན་འདྲེན་རྒྱུད་སྤེལ་དང་འོས་འཚམ་རང་བཞིན་གྱི་གདེང་འཇོག་དང་ཙོང་ཆུའི་གཤོང་སའི་རྒྱ་སེའི་མེ་ཏོག་སོན་བཟང་མྱུར་སྤེལ་ལག་རྩལ་ཞིབ་འཇུག མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་ཆུ་གཏོང་རྩྭ་སའི་ཐོན་ཁུངས་ཀྱི་གཞི་གྲངས་མཛོད་ཀྱི་ཞིབ་འཇུག་དང་བེད་སྤྱོད་བཅས་གྲུབ་འབྲས་གསུམ་ལ་ཚན་རྩལ་ཞིབ་འཇུག་ཆུ་ཚད་ཀྱི་གདེང་འཇོག་བྱས་པ་དང་། དེའི་ཁྲོད་ཀྱི་མདོ་ལ་རི་བོའི་ས་ཁུལ་གྱི་ལོ་མང་སྲན་རིགས་གཟན་རྩྭའི་སོན་འདྲེན་རྒྱུད་སྤེལ་དང་འོས་འཚམ་རང་བཞིན་གྱི་གདེང་འཇོག་གི་གྲུབ་འབྲས་རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་ལ་སླེབས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། གྲུབ་འབྲས་གསུམ་ཐད་ནས2021ལོར་སྙན་སེང་བཀོད་དེ་ཆོག་མཆན་ཐོབ་པའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་ཁྱད་ལྡན་ཆུ་གཏོང་རྩྭ་སའི་ཐོན་ཁུངས་བརྟག་བཤེར་དང་རྒྱུད་སྤེལ་ལྟ་ཞིབ་མ་ལག་འཛུགས་པའི་ལས་གཞི་ལ་རྒྱབ་རྟེན་པ་དང་། ལས་གཞི་འཛུགས་སྐྲུན་ཐད་ནས་ཆ་ཚང་བའི་སོན་རྒྱུ་ཐོན་ཁུངས་ས་ཁུལ་འཛུགས་སྐྲུན་ལག་རྩལ་དང་འདེབས་གསོ་ལག་རྩལ། སོན་བཟང་ཐོན་སྐྱེད་ལག་རྩལ་སོགས་ལག་རྩལ་ཚད་གཞི་བཅོ་ལྔ་གྲུབ་པ་དང་། ཐོན་ཁུངས་རྒྱུད་སྤེལ་ལྟ་ཞིབ་མ་ལག་བཙུགས་ནས། གྲུབ་འབྲས་གཡུར་དུ་ཟ་བ་བླངས།
རིན་ཆེན་མཚོས་བསྒྱུར།