ཞིང་ཆེན་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅིའི་རུ་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏཏང་འཛུགས་དམ་འཛིན་བྱེད་པའི་ནུས་པ་ཇེ་ཆེ་དང་བྱང་ཚད་ཇེ་མཐོར་གཏོང་ཆེད། ཟླ5པའི་ཚེས27ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅིའི་ནུས་པ་མཐོར་འདེགས་གཏོང་བའི་ཞིང་ཆེན་རིམ་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་དེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་འཚོགས་མགོ་བརྩམས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅི་དྲུག་ཅུ་གསོ་སྦྱོང་ལ་ཞུགས།
ཐེངས་འདིའི་གསོ་སྦྱོང་བྱེད་ཡུན་ཉིན་ལྔ་ཡིན་ལ། སློབ་ཁང་འཆད་ཁྲིད་དང་ཡུལ་དངོས་སློབ་ཁྲིད། བརྙན་རིས་སློབ་ཁྲིད་བཅས་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཞི་ཅིན་ཕིང་གི་གཞི་རིམ་བཅོས་སྐྱོང་གི་རྒྱས་བཤད་གལ་ཆེན། ཏང་དོན་ཤེས་བྱ། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ལམ། ཏང་གི་སྒྲིག་ཁྲིམས། ཏང་སྲོལ་སྲིད་གཙང་དང་གནས་བབ་སྲིད་ཇུས། འདུ་ཤེས་དང་རྣམ་པའི་སློབ་གསོ། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་འཛུགས་བྱ་བའི་གཞུང་ལུགས་དང་དངོས་དོན་སོགས་ཀྱི་ནང་དོན་ལ་སློབ་སྦྱོང་བྱས་པ་བརྒྱུད་དེ། མཐོང་རྒྱ་དང་ཤེས་རྒྱ་བསྐྱེད་པ་དང་། ནུས་པ་མཐོར་འདེགས་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་པ། ཆབ་སྲིད་ཀྱི་བྱང་ཚད་མཐོ་ལ་རྩ་འཛུགས་ཀྱི་ནུས་པ་ལྡན་པ། ཏང་གི་ལས་དོན་དང་བྱ་བར་རྒྱུས་མངའ་ཡོད་པའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅིའི་རུ་ཁག་ཅིག་འཛུགས་རྒྱུ་རེད།
གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ཀྱིས་བསྟན་དོན། ཏང་གི་གཞུང་ལུགས་གསར་པའི་གྲུབ་འབྲས་ལ་སློབ་སྦྱོང་བྱེད་ཅིང་གོ་བ་ཟབ་མོ་ལེན་པ་དང་། མ་ལག་ལྡན་པའི་བྱེད་སྒོའི་གསོ་སྦྱོང་དང་ལེན་བྱེད་པར་སེམས་ལྷོད་ལ་འབབ་པ་དང་འདང་ཞིབ་མོ་རྒྱག་དགོས་ཤིང་། ཚན་རིག་དང་མཐུན་པའི་གཞུང་ལུགས་སྤྱད་ནས་དངོས་ཡོད་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་མཐོར་གཏོང་བ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་ཁེ་ལས་ཀྱིས་ཚོང་གཉེར་བྱེད་པ་དང་ལས་སྒྲུབ་ལས་གཏོད་བྱེད་པ། སྤྱི་ཚོགས་ཞབས་ཞུ་བཅས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ལྷ་མོ་འཚོས་བསྒྱུར།