ཟླ5པའི་ཚེས29ཉིན། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བྱ་བའི་གྲོས་ཚོགས་དེ་བརྙན་རིས་རྣམ་པས་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བའི་གཞུང་སྒྲུབ་ཐིན་གྱི་བྱ་བ་དང་ཡིག་ཚགས་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་ཡོངས་ཀྱི་ཡིག་ཚགས་བྱ་བ་དང་སྔོན་ཐོན་ལ་གཟེངས་བསྟོད་བྱེད་པའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཤིང་། 2023ལོའི་ཡིག་ཚགས་བྱ་བར་ཕྱོགས་བསྡོམས་དང2024ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང་ན་ནིང་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བྱ་བར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། གྲོས་ཚོགས་སྟེང་ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་སྣེ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་ལ། སྲོག་ཤིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཡིག་ཚགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་། ཡིག་ཚགས་ཀྱི་རྨང་གཞིའི་བྱེད་སྒོའི་འཛུགས་སྐྲུན། ཡིག་ཚགས་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱེད་ཅིང་། ཡིག་ཚགས་དོ་དམ་གྱི་ལམ་ལུགས་དང་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བྱ་བཞག་འཕེལ་རིམ་གསར་བར་བསྐྱོད་པ་དང་ཕན་འབྲས་གསར་བར་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་གནད་འགག་གི་ལོའང་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་ཡིད་ལ་དམ་པོར་འཛིན་པར་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་དང་། ཡིག་ཚགས་བྱ་བཞག་འཕེལ་རྒྱས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་ལ། བློ་དཀར་གཞུང་དྲང་ཡིན་ཞིང་ཁག་འཁུར་འདུ་ཤེས་ཡོད་པའི་དུས་རབས་གསར་བའི་ཡིག་ཚགས་ལས་བྱེད་པའི་རུ་ཁག་ཅིག་བཙུགས་ནས། ཡིག་ཚོགས་ཀྱི་ནོར་སྲིད་ཞབས་ཞུའི་ནུས་པ་ནུས་ཤུགས་ཡོད་རྒུས་མཐོར་འདེགས་གཏོང་དགོས། ས་གནས་སོ་སོ་དང་། སྡེ་ཁག་སོ་སོ། རིམ་པ་སོ་སོ་བཅས་ཀྱི་ཡིག་ཚགས་སྡེ་ཁག་གིས་ཡིག་ཚགས་བཅའ་ཁྲིམས་དང་ཡིག་ཚགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཡིག་ཚགས་བྱ་བཞག་འཕེལ་རྒྱས་ཀྱི་འཆར་གཞི་བཅས་ལག་བསྟར་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཡིག་ཚགས་བཅོས་སྐྱོང་མ་ལག་དང་ཡིག་ཚགས་ཐོན་ཁུངས་བེད་སྤྱོད་ཀྱི་བདེ་འཇགས་མ་ལག་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། ཆ་འཕྲིན་ཅན་གྱིས་ཡིག་ཚགས་བྱ་བའི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ཞན་ཆ་དང་མི་འདང་སར་ཁ་གསབ་བྱེད་པ། རྨང་གཞི་སྲ་བརྟན་དང་སྤུས་ཚད་མཐོར་འདེགས་གཏོང་བ་དང། བདེན་སྲུང་གསར་གཏོད་དང་དངོས་འཛིན་དོན་གཉེར་བྱེད་པ། ཏང་གིས་ཡིག་ཚོགས་ལ་དོ་དམ་བྱེད་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། མཚོ་སྔོན་གྱི་ཡིག་ཚགས་བྱ་བཞག་གི་དེང་རབས་ཅན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབད་པས་རྩོམ་དགོས་པའི་བླང་བྱ་བཏོན།
ལྷ་མོ་འཚོས་བསྒྱུར།