པད་མ་རྫོང་གི་ནགས་གླ་གསོ་སྤེལ་བྱ་བར་ཐོག་མའི་གྲུབ་འབྲས་ཐོབ།
2024.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གསལ་ལེ་ཐང་གྲོང་རྡལ་གྱི་ནགས་ཚལ་གླ་གསོ་རྟེན་གཞི་ནས་རྒྱལ་ཁའི་ངང་ནགས་གླའི་ཕྲུ་གུ་ཐོག་མ་རྩེབས་པ་དང་། དེ་ལས་པད་མ་རྫོང་གི་ནགས་གླ་གསོ་སྤེལ་བྱ་བར་ཐོག་མའི་གྲུབ་འབྲས་ཐོབ་པ་མཚོན་ཡོད།
  ནགས་གླ་བདེ་བླག་ངང་གསོ་སྤེལ་བྱས་པ་ནི། པད་མ་རྫོང་གི་ཁྱད་ལྡན་ཐོན་ལས་ཀྱིས་དབུལ་ཕོངས་ལས་ཐར་བར་སྣེ་ཁྲིད་བྱེད་པའི་གནད་འགག་གི་གོམ་སྟབས་ཤིག་ཡིན་པས། པད་མ་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་ནགས་གླ་གསོ་བའི་ཉམས་མྱོང་རྩ་ཆེན་བསགས་ནས། མ་འོངས་པར་དཔལ་འབྱོར་འཕར་གནས་གསར་པ་ཞིག་ཏུ་གྱུར་ནས་རོང་འབྲོག་མང་ཚོགས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱ་ཐུབ་ངེས་རེད།
   ནགས་གླ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ལ། རང་རྒྱལ་གྱི་སྨན་སྤྱོད་སྲོག་ཆགས་གལ་ཆེན་ཞིག་ཀྱང་ཡིན། ཕོ་གླ་ལ་གླ་རྩི་ཡོད་པ་དང་། དེས་སྦྲུམ་པའི་གླ་རྩི་ལ་སེར་པོ་གསེར་གྱི་རིན་ཐང་ལྡན།  གླ་རྩི་ནི་མཐོ་རིམ་དྲི་ཞིམ་བྱུགས་ཆུའི་སྡེབ་ཁ་བྱས་ཆོག་ལ། དབང་རྩའི་མ་ལག་གི་ངར་སྐུལ་བྱེད་ཀྱི་རྫས་ཀྱང་ཡིན་པས། དཔལ་འབྱོར་གྱི་རིན་ཐང་དང་སྨན་སྤྱོད་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་རེད།
   ཉེ་བའི་ལོ་འགའི་རིང་ལ། པད་མ་རྫོང་གིས་ནགས་རའི་ཁྱད་ཆོས་ལྡན་པའི་གསོ་སྤེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྲོལ་རྒྱུན་གྱི་ཕྱུགས་ལས་གསོ་སྤེལ་ལས་གཞན། གསོ་སྤེལ་ཐོན་ལས་ཀྱི་ཁེ་ཕན་ཆེས་ཆེ་བ་དང་། ནགས་ནང་གི་ཁྱད་ལྡན་གསོ་སྤེལ་ལས་རིགས་འཕེལ་རྒྱས་བཏང་ནས་ནགས་གླ་གསོ་སྤེལ་བྱ་རྒྱུ་དེ་པདྨ་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་དུ་གྱུར་ཡོད།


སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།