ས་གནས་སོ་སོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ།
2024.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

 ཞིན་ཅང་དང་། ཁྲུང་ཆིན། སི་ཁྲོན། ཨན་ཧུའེ་སོགས་ས་ཁུལ་གྱིས་ནན་ཏན་སྒོས་འཆར་འགོད་བཀོད་སྒྲིག་དང་། སེམས་ཞིབ་མོས་རྩ་འཛུགས་ལག་བསྟར་བྱས་ནས། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བར་སྐུལ་འདེད་བཏང་།

ཞིན་ཅང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ།  ཏང་ཡོན་ཚོགས་ཆེན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྲོལ་ཡིག་ལ་ཇི་མ་ཇི་བཞིན་སློབ་སྦྱོང་དང་དོན་ཚན་རེ་རེ་བཞིན་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱས་ཏེ། ཏང་ཡོན་ལས་བྱེད་པ་རྨོངས་གཉིད་ལས་སད་པ་དང་ཚད་མཐའ་སྲུང་བ།   གུས་སྐྲག་ཤེས་པ་བཅས་བྱས།

ཁྲུང་ཆིན་གྱིས་སློབ་སྦྱོང་གི་གཙོ་གནད་དམ་འཛིན་དང་། སློབ་སྦྱོང་གི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཉེན་བརྡའི་སློབ་གསོ་གཏོང་ཤུགས་ཇེ་ཆེར་གཏོང་བ། ཐུན་མོང་གི་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་ཕན་ཚུན་ཟུང་འབྲེལ་བྱེད་པ། ཟུར་ཁྲིད་སྙན་ཞུ་དང་བརྗེ་རེས་བགྲོ་གླེང་ཕན་ཚུན་ཟུང་འབྲེལ་བྱེད་པ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དངོས་གནས་དོན་ཐོག་ཏུ་འཁྱོལ་བར་བྱས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། སི་ཁྲོན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆེད་དོན་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་བྱས་ཏེ།  དོན་ཚན་རེ་རེ་བཞིན་དང་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་ལ་སློབ་སྦྱོང་བྱེད་པ་དང་།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།  ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། ལས་དོན་སྤུས་ཚད་མཐོན་པོས་སྤེལ་བར་སྐུལ་འདེད་བཏང་།

ཨན་ཧུའེ་ཡིས་ཞིང་ཆེན་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་གཏན་ལ་ཕབ་སྟེ།  ཇི་མ་ཇི་བཞིན་སློབ་སྦྱོང་དང་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་དང་།   ཉེན་བརྡའི་སློབ་གསོར་ཤུགས་སྣོན་པ། གསོ་སྦྱོང་གིས་སློབ་སྦྱོང་ལ་རམ་འདེགས་བྱེད་པ་དམ་འཛིན་བྱེད་པ།  ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ལྔའི་ཐད་ནས་བྱ་བའི་བྱེད་ཐབས 19 བཏོན།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།